མི་རིགས་མཐུན་སྒྲིལ་གྱིས་ནུས་ཤུགས་གཅིག་འདུས་དང་འཆམ་མཐུན་སྤྱི་ཚོགས་སྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་ངོ་བཅུ་ཕྲག་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་གྱིས་ཏང་གི་མི་རིགས་སྲིད་ཇུས་དཔེ་སྟོན་དང་ལག་བསྟར་བྱས་ནས།ལས་ལ་བརྩོན་ཞིང་དཔའ་ངར་ཆེ་ལ།སེམས་པ་བཟང་བའི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མཛེས་སྡུག་ངོ་མཚར་ཆེ་བའི་ས་གཞི་འདིའི་ཐོག བོད་རིགས་གཙོ་བོར་བྱས་པའི་མི་རིགས་དྲུག་གི་མཛེས་སྡུག་རྣམ་པར་བཀྲ་བའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་མུ་མཐུད་དུ་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།

        ཅིན་ལུང་སྡེ་ཁུལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྒྱལ་ཐང་གྲོང་རྡལ་གྱི་སྡེ་ཁུལ་ཆེ་གྲས་ལྔའི་གྲས་ཤིག་དང་།  བོད་རིགས་གཙོ་བོར་བྱས་པའི་མི་རིགས་6ཡོད་པ་དེ་དག་མི་རབས་ནས་མི་རབས་བར་གནས་འདི་ནས་ཞི་མཐུན་མཉམ་གནས་གྱིས་འཚོ་བ་རོལ་བཞིན་ཡོད། ཅིན་ལུང་སྡེ་ཁུལ་གྱི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་གོ་ཐོས་ལྟར། ང་ཚོ་ཅིན་ལུང་སྡེ་ཁུལ་གྱི་མི་རིགས་མང་བའི་ཁྱིམ་ཚང་ཐང་རྒྱལ་རབས་ནས་གྲུབ་ཅིང་། འདི་གའི་ས་མིང་ལ་རྒྱ་མིང་དང་བོད་མིང་།འཇང་སྐད་སོགས་ཡོད། ང་ཚོའི་འདི་གར་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་གཅིག་རམ་གཅིག་འདེགས། ཐུན་མོང་དུ་འཕེལ་རྒྱས་འགྲོ་བ་བཅས་ར་སྤྲོད་བྱུང་ཡོད་ཅེས་བཤད། ཉེ་བའི་ལོ་ཤས་རིང་། ཅིན་ལུང་སྡེ་ཁུལ་གྱིས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་སེམས་ནུས་གཅིག་སྒྲིལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟུགས་བརྙན་བཟང་པོ་གཏོད་ཡོད་པ་རེད། ཅིན་ལུང་སྡེ་ཁུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་མི་རིགས་མཐུན་སྒྲིལ་གྱི་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་ཁག་ནང་ཁྱབ་པ་བྱས་ཡོད་པ་རེད། 

       མི་རིགས་མཐུན་སྒྲིལ་ལས་དོན་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་རེད།  

        ཅང་ཤིའུ་དབྱིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁུལ་གསར་འཛུགས་ལས་དོན་གྱི་ལག་ལེན་ཁྲོད། ང་ཚོས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་གསར་གཏོད་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་སྡེ་ཁུལ་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་ཐུབ་པ་བྱས་ནས། མི་རིགས་མི་འདྲ་བའི་སྡེ་ཁུལ་མང་ཚོགས་བར་ཉ་ཆུ་ཕན་ཚུན་རྟེན་པ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་བརྩེ་དུང་ཟབ་མོ་ཆགས་ཡོད། ཐུན་མོང་ཐོག་ཡར་ཐོན་ཡོང་བར་ཕན་ཚུན་རོགས་རམ་དང་། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་སྲུང་སྐྱོང་། སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོ་འཆམ་མཐུན་ཡོང་བ་སྲུང་སྐྱོང་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཆགས་ཡོད་ཅེས་བཤད་བྱུང་།

        རྒྱུས་ལོན་བྱུང་བ་ལྟར་ན།ཅིན་ལུང་སྡེ་ཁུལ་གྱིས་སྔ་རྗེས་སུ་གོང་རིམ་སྡེ་ཚན་ཁག་གིས་1999ལོའི“སྔོན་ཐོན་སྡེཚན”“སྔོན་ཐོན་ཏང་ཀྲི་པུའུ”ལ་བདམས་པ་རེད། 2001ལོའི“སྔོན་ཐོན་མཉམ་སྡེབ”དང་2003ལོར“སྔོན་ཐོན་སྡེ་ཁུལ་ཨུ་ལྷན”2005ལོ་ནས་2007ལོའི་བར“དཔལ་ཡོན་སྡེ་ཁུལ”སོགས་ལ་བདམས་པ་རེད། སྐོར་བྲོ་འཁྲབ་སྟོན་རུ་ཁག་ལ་2006ལོའི་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་བྱེད་སྒོའི་ནང“ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ”ཐོབ་པ་དང་། 2007ལོའི་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་བྱེད་སྒོ་དང་མི་རིགས་ལུས་སྦྱོང་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་ཁྲོད་“བྱ་དགའ་ཨང་གཉིས་པ”ཐོབ།2008ལོ་འཁོར་གྱི་དཔྱིད་གསར་བསུ་བའི་མི་རིགས་རིག་གནས་ལུས་རྩལ་བྱེད་སྒོའི་བོད་ཀྱི་སྐོར་བྲོ་འགྲན་བསྡུར་ཁྲོད“ཕྱོགས་བསྡུས་བྱ་དགའ”ཐོབ།2010ལོའི་སྤྲོ་སྐྱིད་ཤམ་བྷ་ལའི་དམངས་སྲོལ་རིག་གནས་བྱེད་སྒོའི་ཁྲོད“ཕུལ་བྱུང་རྩ་འཛུགས་བྱ་དགའ”ཐོབ།2011ལོར“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སོགས་ཀྱི་མཚན་སྙན་ཐོབ། 2012ལོར་སྔ་རྗེས་སུ“ཡུན་ནན་ཞིང་ཨུའི་སྔོན་ཐོན་ཏང་རྩ་འཛུགས”དང་། “ཡུན་ནན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁུལ”“ཡུན་ནན་ཞིང་ཆེན་གྱི་དཔལ་ཡོན་སྡེ་ཁུལ”“ཞིང་ཆེན་དང་ཁུལ་གྱི་སྲིད་གཙང་རིག་གནས་དཔེ་སྟོན་ས་ཚིགས”སོགས་ཀྱི་བྱ་དགའ་ཐོབ་པ་དང་།2018ལོར“ཡུན་ནན་གྱི་སྔོན་ཐོན་སྡེ་ཁུལ”དང་“དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་ཁུལ”སོགས་སུ་བདམས་པ་རེད།