ལོ་སྟོད་དུ་བོད་ལྗོངས་ཀྱི་དངུལ་རྩ་འཁོར་སྐྱོད་བརྟན་པོ་དང་སྐྱོན་བྲལ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-19   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་ཤས་གོང་། གསར་འགོད་པས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། ལོ་སྟོད་དུ་བོད་ལྗོངས་ཀྱི་དངུལ་བུན་གྱི་སྤྱི་འབོར་ཅུང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ། དངུལ་རྩས་ཁེ་ལས་བརྟན་པོ་ཡོང་བ་དང་ལས་ཞུགས་འགན་ལེན་བྱེད་པའི་ཐད་སྐུལ་འདེད་བརྟན་པོ་བཏང་བས་དངུལ་རྩ་འཁོར་སྐྱོད་བརྟན་པོ་དང་སྐྱོན་བྲལ་བྱུང་ནས་རིགས་ཁག་གི་ཉེན་ཁ་སྤྱིར་ན་ཚོད་འཛིན་ཐུབ་ཡོད།

འདི་ལོ་ཚུན་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་བུན་སླར་ཡང་གཏོང་བ་དང་། དུས་མ་ཐིམ་པའི་སྐྱེད་ཀ་སླར་ཡང་སྤྲོད་པ། བཅོལ་དངུལ་གྱི་གྲབས་གསོག་དངུལ་སོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་ཧུར་ཐག་སྤྱོད་པ་དང་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས་དངུལ་རྩའི་མ་དངུལ་ཕྲན་ཚེགས་ཁེ་ལས་དང་ཞིང་འབྲེལ་སོགས་ཀྱི་དངོས་ཚན་དཔལ་འབྱོར་ནང་སྤྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ཟླ6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་སྣ་ཚོགས་ཀྱི་ལྷག་གྲངས་སྒོར་དུང་ཕྱུར4875.44ཟིན་ཡོད། རང་ལྗོངས་ཀྱི་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར4241.59ཟིན་ཡོད། དེའི་ཁྲོད་དུས་ཐུང་དངུལ་བུན་དུས་མཚུངས་ལས49.83%འཕར་ཡོད།

འདི་ལོ་ཚུན་དུ་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ལ་དམིགས་ཏེ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཆེད་དོན་སླར་ཡང་དངུལ་བུན་གཏོང་བ་དང་སླར་ཡང་དངུལ་བུན་གཏོང་བའི་ཆེད་དོན་གྱི་དངུལ་གྲངས་དང་ཚད་གཞི་དམའ་རུ་གཏོང་བ་སོགས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་བཅས་ལ་རྒྱབ་སྐྱོར་བྱས་ཡོད། ཟླ6པའི་ཟླ་མཇུག་བར་བོད་ལྗོངས་དངུལ་ཁང་དང་བོད་ལྗོངས་སྟོད་ལུང་མིན་ཐའེ་གྲོང་རྡལ་དངུལ་ཁང་ལ་སླར་ཡང་དངུལ་བུན་སྒོར་དུང་ཕྱུར9.16བཏང་བ་དང་། དུས་འགྱངས་ཀྱི་མ་སྐྱེད་ཉིས་འཇལ་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་དངུལ་བུན་སྒོར་དུང་ཕྱུར27.93བཏང་བ། ཁེ་ལས430ལ་རྒྱབ་སྐྱོར་བྱས་པ། དེ་དང་ཆབས་ཅིག་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་གསལ་ཐོ་དམ་འཛིན་བྱ་གཞི་གཙོ་བོར་བྱེད་པ་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་དང་དངུལ་རྩའི་སྒྲིག་གཞིའི་ཚོང་ཤག་འཚོལ་བའི་མ་གནས་ཆུང་དུ་བཏང་ནས་ཁེ་ལས1775སྦྲེལ་མཐུད་བྱས་པ་དང་དངུལ་བུན་སྒོར་དུང་ཕྱུར185.17བཏང་ཡོད། གཞན་ཡང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཚབས་ཅུང་ཆེ་བའི་ལས་རིགས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་སླར་གསོར་རྒྱབ་སྐྱོར་བྱས་པ་དང་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་དངུལ་བུན་གཏོང་ཚད་དུས་མཚུངས་ལས14.56%འཕར་ཡོད།  །