བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ལོ་རྒྱུས་ནི་ཁ་སང་གི་ཟིན་ཐོ་ཡིན་ལ་སློབ་དེབ་ཆེས་ལེགས་ཤོས་ཀྱང་ཡིན། བོད་ལྗོངས་རྙིང་བའི་སྐབས་སུ་སློབ་གསོ་དམིགས་བསལ་གྱི་དབང་ཆ་ཞིག་ཏུ་བརྩིས་ནས། དགོན་སྡེ་དང་སྐུ་དྲག་རྣམས་ཀྱིས་སྒེར་སྡེམ་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱར་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ལྗོངས་ཀྱི་མི་དམངས་ལ“སྔར་ལས་ལེགས་པའི་སློབ་གསོ”ལོངས་སུ་སྤྱོད་དུ་འཇུག་ཆེད། ཀྲུང་དབྱང་གིས་མི་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་ནས་སློབ་གྲྭ་འཛུགས་སྐྲུན་བྱས་པ་དང་། དེང་རབས་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་སྤྲད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་བའི་ལོ55ཡི་རིང་། ལྷག་པར་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་གིས་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལྟར། སློབ་གསོའི་བྱ་གཞག་སྔ་མོ་ནས་དམིགས་བསལ་དུ་འཕེལ་རྒྱས་སུ་བཏང་སྟེ། སློབ་གསོ་ཆ་འཕྲིན་ཅན་འདེགས་སྐྱོར་དུ་བྱས་པ་བརྒྱུད། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། སློབ་གསོའི་སྤུས་ཚད་བརྟན་རླིང་སྒོས་མཐོར་འདེགས་བྱུང་ཡོད་པས། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞི་ཡག་པོ་བཏང་།

        བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་དུ་ལྗོངས་ཡོངས་སུ་བསྡོམས་པས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ2995ཡོད་པ་དང་། སློབ་གྲྭའི་སློབ་མ་ཁྲི84.45(ལྗོངས་ཕྱི་རོལ་གྱི་སློབ་མ88530འདུས)ཡོད། 2019ལོར་ལྗོངས་ཡོངས་ཀྱི་སློབ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད99.71%ལ་སླེབས་པ་དང་། དམའ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད102.88%ལ་སླེབས། མཐོ་འབྲིང་དུས་རིམ་གྱི་སློབ་མ་སློབ་གྲྭར་ཞུགས་ཚད102.88%ལ་སླེབས་ནས། མཐོ་རིམ་སློབ་གསོའི་སློབ་མ་སློབ་གྲྭར་ཞུགས་ཚད47.65%ལ་སླེབས། སློབ་སྔོན་ལོ་གསུམ་སློབ་གསོའི་སློབ་མ་སློབ་གྲྭར་ཞུགས་ཚད84.42%བཅས་ལ་སླེབས་ཡོད།

        ད་ལྟ།  སློབ་མ་སྔར་ལས་མང་པོ་ཞིག་གིས་ཕུགས་འདུན་སྙེག་པའི་གཤོག་ཟུང་དང་བསྟུན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད། དུས་རབས་གསར་བའི་བོད་ལྗོངས་ཀྱི་སློབ་གསོ་ལས་བོད་ལྗོངས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་ཡུན་རིང་བདེ་བཀོད་ལ་ཤེས་ལྡན་མི་སྣ་འདོན་སྤྲོད་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་གང་ལེགས་བྱས། གངས་ལྗོངས་མཐོ་སྒང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆེད་པ་ལེན་པ་དང་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྲ་ཞིང་བརྟན་པའི་སློབ་གསོའི་རྨང་གཞི་བཏིང་ཡོད་པ་རེད།  །

1597625579424882.jpg

སློབ་གྲྭ་མཐར་ཕྱིན་རྗེས་བོད་ལྗོངས་མི་རིགས་སློབ་ཆེན་གྱི2018ལོའི་སློབ་མ་རྣམས་སློབ་གྲྭའི་ནགས་གསེབ་ཏུ་བསྐྱོད་བཞིན་པ།

1597625591181366.jpg

མེ་ཏོག་རྫོང་གིས་སྤེལ་བའི་རིག་རྩལ་བྱ་འགུལ་ཁྲོད་གྲོགས་པོ་ཆུང་ཆུང་རྣམས་ཀྱིས་ལག་ཏུ་རྒྱལ་དར་བཟུང་ནས་རྒྱལ་ཁབ་ལ་བཅངས་བའི་གཅེས་སེམས་མཚོན།

1597625600760484.jpg

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྙེ་མོ་ཤང་རེ་བའི་སློབ་ཆུང་གི་སློབ་མས་ལུས་རྩལ་སློབ་ཚན་འཁྲིད་བཞིན་པ།

1597625612180503.jpg

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིག་ལག་རྩལ་སློབ་གྲྭ་དང་པོའི་སློབ་མས་མེ་ཏོག་འཛུགས་རྩལ་སྦྱང་བཞིན་པ།

1597625621200697.jpg

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སློབ་ཆུང་གི་སློབ་མས་ཡངས་ཤིང་རྒྱ་ཆེ་བའི་སློབ་ཁང་ནང་དུ་སློབ་གྲོགས་དང་མཉམ་དུ་སློབ་གསོ་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་པ།