མཐའ་ཆུའི་མེ་ཏོག་ཁྲོད་ན་སྐྱིད་ཀྱི་འཛུམ་མདངས་བཞད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        མཐའ་ཆུ་ནི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད་ལ། ཡུལ་འདིར་སྔོ་ལྗང་གི་རི་ལུང་དོག་པོའི་བར་ན་བསིལ་འཇམ་གྱི་ཆུ་ཕྲན་ཤག་ཤག་གི་བཞུར་སྒྲ་སྙན་ལ།  སྣ་མང་མི་རིགས་འདུས་སྡོད་ཀྱི་གྲོང་རྡལ་དུ་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཡོད། 




        ཟླ་8པའི་ཆར་དུས་ནི་མཐའ་ཆུའི་མཚར་སྡུག་རྣམ་པར་བཀྲ་བའི་དུས་ཚིགས་ཤིག་ཡིན་ལ།  ཡུལ་འདིའི་དབེན་པའི་གྲོང་གསེབ་དང་། ཡུན་ནན་གྱི་སྤྲེའུ་སྤུ་སེར། མུའུ་སྟོང་གི་འབྲས་ཞིང་། པད་ཁའི་མེ་ཏོག   ཁྱད་ལྡན་སྡོད་ཁང་། ལོ་ངོ་སྟོང་གི་ཁམ་སྡོང་། དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག  བླ་འཕེལ་ཆུ་བོ་སོགས་ཀྱི་སྙན་པའི་གྲགས་པ་ཡུལ་སྐོར་བ་མང་བོའི་ཐོས་འཛིན་དུ་ཆགས་ཡོད་དེ། ཡུལ་སྐོར་ལྗོངས་རྒྱུར་ཡོང་བའི་མི་རྒྱུན་ཆད་མེད་པ་རེད། 





        མཐའ་ཆུའི་ཞིང་གྲོང་འདིར་འཆམ་འཆམ་བྱེད་པ་ན། ལྷིང་འཇགས་ཀྱི་གྲོང་ཚོ་ཆུང་ཆུང་དང་། ཀྱག་ཀྱོག་གི་གནའ་ལམ་རིང་མོ། མཐོ་དམའ་མི་སྙོམས་པའི་དུད་ཁྱིམ།     དེ་མིན་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་འདིར་སྐྱོད་སྐབས།  ངོ་ཚོར་གནའ་བོའི་གཏམ་རྒྱུད་ལ་འཇུས་པའི་དྲོད་ཁོལ་ཞིག་ཡོད་ལ།  ཙག་ཙིག་གི་ལས་ཀའི་ངལ་བ་སེལ་བའི་རྒྱུག་ལམ་རིང་མོ་ཞིག་ལ་སྙེག་པའི་འདོད་རྔམ་ཞིག་ཀྱང་འཕྲལ་གྱིས་སྐྱེས་བྱུང་།