རྫ་ཆུའི་འབྱུང་ཡུལ་དུ་ཆེས་མཛེས་པའི་དུས་ཚིགས་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-17   རྩོམ་ཁུངས།    མི་དམངས་དྲ་བ།

1.jpg

དབྱར་ཟླ་བརྒྱད་པའི་རྫ་སྟོད་ཀྱི་མཛེས་ཉམས།

2.jpg

དབྱར་ཟླ་བརྒྱད་པའི་རྫ་སྟོད་ཀྱི་མཛེས་ཉམས།

1.jpg

  དབྱར་ཟླ་བརྒྱད་པའི་རྫ་སྟོད་ཀྱི་མཛེས་ཉམས།

1.jpg

དབྱར་ཟླ་བརྒྱད་པའི་རྫ་སྟོད་ཀྱི་མཛེས་ཉམས།

1.jpg

དབྱར་ཟླ་བརྒྱད་པའི་རྫ་སྟོད་ཀྱི་མཛེས་ཉམས།

        དབྱར་ཟླ་བརྒྱད་པ་སླེབས་ཚེ་རྫ་ཆུའི་འབྱུང་ཡུལ་ཡིན་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ཆེས་མཛེས་པའི་དུས་ཚིགས་བསུས་ཤིང་། སྔོ་ཞིང་དྭངས་པའི་ནམ་མཁའ་དང་། རི་སྐྱེས་མེ་ཏོག་གི་རྒྱ་མཚོ། གཞན་ཡང་སྐར་ཚོགས་ལྟ་བུའི་མཚེའུ་བཅས་ཀྱིས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་ཡོད།

        རྫ་སྟོད་རྫོང་ནི་རྫ་ཆུའི་འབྱུང་ཡུལ་དུ་ཆགས་ཏེ། ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་སུ་རི་བོ་མཐོ་ཞིང་བརྗིད་པ་དང་། ཆུ་ཀླུང་མང་ལ་འདམ་རས་ཁྱབ་ཡོད་པ་དང་། རྩྭ་ཐང་མུ་མཐའ་མེད་ལ། རི་ཆུའི་ཡུལ་ལྗོངས་ལྟ་ན་སྡུག་པ། རིག་དངོས་གནའ་ཤུལ་མང་པོ་བཅས་ཡོད་པ་རེད། 

        རང་བྱུང་མཛེས་ལྗོངས་ལས་མངོན་པའི་བརྗིད་ཉམས་དང་། བབ་ཆགས། དྭངས་གཙང་། ད་དུང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྣ་མང་ཅན་བཅས་ཀྱིས་མི་རྣམས་ཀྱི་ཡིད་དབང་འགུག་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད། །