འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་5Gསྤྱོད་འགོ་བརྩམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ཁུལ་གྱི་གྲངས་འཛིན་ཡུལ་སྐོར་དང་གྲངས་འཛིན་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་རོགས་རམ་བྱས་ཏེ“གྲངས་འཛིན་བདེ་ཆེན”འཛུགས་སྐྲུན་གྱི་མཉམ་ལས་གྲོས་མཐུན་གཏིང་ཟབ་ཏུ་གཏོང་ཆེད། ཟླ་8པའི་ཚེས་12ཉིན། བདེ་ཆེན་སྒུལ་བདེ་ཡིས་འབའ་ལྷག་དཀར་རྫོང་དུ་བདེ་ཆེན་གྲངས་འཛིན་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ཐོག་མའི་5Gདྲ་སྦྲེལ་དངོས་སུ་ཚུགས་ཤིང་།  དེས་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་5Gདུས་རབས་སུ་སླེབས་པ་མཚོན་ཡོད། འབའ་ལྷག་དཀར་རྫོང་གྲངས་འཛིན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཀྱང་མགྱོགས་སུ་བཏང་།

        ཤེས་རྟོགས་བྱུང་བར་གཞིགས། ཟླ་4པར་བདེ་ཆེན་སྒུལ་བདེ་དང་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དབར་5G+གྲངས་གཞིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་མཉམ་ལས་གྲོས་མཐུན་བཞག་པ་ནས་བདེ་ཆེན་སྒུལ་བདེ་ཡིས་མཛེས་ལྗོངས་ཁུལ་གྱི་གྲངས་འཛིན་ཅན་གྱི་རྨང་གཞིའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། མཛེས་ལྗོངས་ཁུལ་གྱི་5Gདྲ་རྒྱ་དང་དེ་བཞིན་འབྲེལ་ཡོད་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མཛེས་ལྗོངས་ཁུལ་གྱིས་ནང་ཁུལ་གྱི་དོ་དམ་དང་རིག་ལྡན་མཛེས་ལྗོངས་ཁུལ་གྱི་དགོས་མཁོ་གཞིར་བཟུང་ཡུལ་སྐོར་གྲངས་འཛིན་ཅན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུ་ཡིན་པ་རེད།

        རྗེས་ཕྱོགས་བདེ་ཆེན་གྱི་སྒུལ་བདེས་5G+ཉེར་སྤྱོད་དང་། རིག་ལྡན་གསོལ་མགྲོན་ཁང་། རིན་མེད་WIFIཡོངས་ཁྱབ། འགྲོས་དལ་ཐད་གཏོང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་གྲངས་འཛིན་ཅན་གྱི་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་མུ་མཐུད་ལག་བསྟར་བྱས་ནས་འབའ་ལྷག་དཀར་རྫོང་གི་གྲངས་འཛིན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

        འབའ་ལྷག་དཀར་རྫོང་ནི་རྒྱལ་ཁབ་ཀྱི་AAAAརིམ་པའི་མཛེས་ལྗོངས་ཁུལ་ཡིན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང“གཙང་གསུམ་མཉམ་རྒྱུག”འཛམ་གླིང་རང་བྱུང་ཤུལ་བཞག་ཧུང་ཧྲན་ཡུག་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་རེད། ལྷ་དགེ་རྫོང་ལ་རྣམ་པ་འདྲ་མིན་སྣ་ཚོགས་ལྡན་པའི་ས་གཤིས་ས་དབྱིབས་དང་། གནས་རིའི་རིག་གནས། ཤམ་བྷ་ལའི་མཆོད་རྟེན། ལོ་ངོ་སྟོང་གི་ཁྱུང་ཆེན་བྱང་ཆུབ་ཤིང་། ཁམས་པའི་ཚོ་པའི་ལོ་ངོ་སྟོང་གི་ངོ་མཚར་ཆེ་བའི་གཏམ་རྒྱུད། འབའ་ལྷག་གནའ་གྲོང་། ས་མཐོའི་མཚེའུ། གྲོག་རོང་གི་ལོ་རྒྱུས་སྐད་ཆ། ནས་རྡང་འབྲོག་ས། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་ཡོད་དེ། གདོད་མའི་སྐྱེ་ཁམས་ཁོར་ཡུག་ཕུན་སུམ་ཚོགས་པ་ཡོད།  འདི་ནི་བདེ་ཆེན་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཙོ་གནད་དུ་བཏོད་པའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཡིན་པ་རེད། མིག་སྔར། འབའ་ལྷག་དཀར་རྫོང་གི་ཡུལ་སྐོར་འཕེལ་རྒྱས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་བཞིན་ཡོད། 

        འབའ་ལྷག་དཀར་རྫོང་གིས་བདེ་ཆེན་གྱི་མཛེས་ལྗོངས་ཁུལ་དང་པོའི་5Gསྦྲེལ་ཚུགས་ཤར་གཏོང་བྱས་འདིས་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་གྲངས་འཛིན་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་མང་པོ་སྔོན་ལ་སྤྱད་ཆོག་པ་དང་། འབའ་ལྷག་དཀར་རྫོང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་རེད། འདི་ཡང་འབའ་ལྷག་དཀར་རྫོང་གི་སྤུས་རྟགས་འཛམ་གླིང་ལ་ཕྱོགས་པའི་གོ་སྐབས་བཟང་པོ་ཞིག་རེད།