སེམས་ཀྱི་ཉི་ཟླར་སྤྲོ་གསེང་རོལ་རྩེད་བྱེད་ས་ཡག་པོ་འདི་འདྲ་ཞིག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

གྲོང་མི་རྣམས་ཀྱིས་ཤམ་བྷ་ལ་སྤྱི་གླིང་དུ་གྲུ་ལ་བསྡད་ནས་རྩེད་མོ་རྩེས་བཞིན་པ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉིན་རེའི་དགོང་ཇ་འཐུང་རྗེས། བདེ་ཆེན་སེམས་ཀྱི་ཉི་ཟླའི་ཤམ་བྷ་ལ་སྤྱི་གླིང་གི་ག་ས་གང་དུ་འཆམ་འཆམ་ལ་འགྲོ་བ་དང་། ཞབས་བྲོ་འཁྲབ་པ། གྲུ་ལ་བསྡད་ནས་ཡུལ་སྐོར་བྱེད་པ། རྩེད་ཆས་བཙོང་བ། མཁོ་ཆས་ཉོ་བ་སོགས་མང་ཚོགས་ཀྱིས་བཀང་བས་ཧ་ཅང་འདུ་འཛི་ཆེ།

གྲོང་མི་རྣམས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།

           ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེད་ཚལ་གྲོང་ཁྱེར་བསྐྲུན་པ་དང་སྤྱི་པའི་རོལ་རྩེད་ཁང་བསྐྲུན་ནས་གྲོང་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་ཕན་པ་བསྐྲུན་ཡོད།  དུས་མཚུངས་སུ་གྲོང་ཁྱེར་ལ་བཀྲག་མདངས་འཚེར་བའི་ཚོན་མདངས་གསར་བ་ཞིག་ཀྱང་བསྣན་ཡོད་པ་སྟེ།    སྤྱི་གླིང་གི་ནང་གི་སྔོ་ལྗང་གི་སྤང་ཐང་དང་།  མཚོ་འགྲམ་གྱི་སྔོ་ལྗང་ས་རྒྱུད། ལམ་རྒྱུད་ཀྱི་སྔོ་ལྗང་བར་ཁྱམས་བཅས་ནི་གྲོང་ཁུལ་གྱི་གྲོང་མིའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། 

དབྱི་རིགས་བུད་མེད་ཀྱིས་བྲོ་འཁྲབ་བཞིན་པ།