ཀླུ་ཆུའི་རྩྭ་ཐང་དུ་དགའ་སྤྲོའི་ཞབས་བྲོ་འཁྲབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-14   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

མང་ཚོགས་རྣམས་ཀྱིས་རྩྭ་ཐང་དུ་སྐོར་བྲོ་འཁྲབ་བཞིན་པའི་ཚུལ།

འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པ།

    ཟླ8པའི་ཚེས12ཉིན2020ལོའི་ཀྲུང་གོའི་ཀླུ་ཆུ་སྐོར་བྲོ་འགྲེམས་འཁྲབ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤར་རྩེད་ཐང་དུ་འཚོགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་འཁྲབ་སྟོན་པ་དང་ས་གནས་མང་ཚོགས་སུམ་སྟོང་ལྷག་ཙམ་གྱིས་རྩྭ་ཐང་ཐོག་ཞབས་བྲོ་འཁྲབ་པས། ཆར་རྗེས་ཀྱི་གནམ་ཟླ་དྭངས་པའི་རྩྭ་ཐང་དུ་དགའ་སྤྲོའི་རྣམ་པ་ཡིས་ཁེངས། །