རྨ་ཆུ་འགྲམ་རྒྱུད་ཀྱི་བདེ་སྐྱིད་གྲོང་ཚོའི་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོའི་རྣམ་པ།

        རྨ་ཆུའི་འགྲམ་རྒྱུད་དུ་གནས་བའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོ་ནི་ཡུལ་གཞན་ནས་གནས་སྤོར་ཡོང་བའི་གྲོང་ཚོ་ཞིག་ཡིན་ལ། 2017ལོར་གནས་སྤོས་རྗེས་བདེ་སྐྱིད་གྲོང་ཚོས་ས་བབ་ཀྱི་བཟང་ཆར་བརྟེན་ནས་ཧུར་ཐག་གིས་གནས་སྤོས་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཟུང་འབྲེལ་འཚོལ་ཞིབ་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་འདྲེན་གྱིས་རིག་གནས་དང་འོད་ཤུགས་སོགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཀྱི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་གསོ་སྐྱོང་མཛད་པ་རེད། 

ཐང་ཆེན་དུ་འཆམ་འཆམ་བྱེད་བཞིན་པའི་གྲོང་མི། 

         ད་ལྟའི་བདེ་སྐྱིད་གྲོང་ཚོ་རུ་སྤྲོ་གསེང་ཐང་ཆེན་དང་། གྲུ་ཁ། བྱེ་ཐང་། མེ་ཏོག་གི་རྒྱ་མཚོ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཟས་རིགས་ཐང་ཆེན་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཚང་མ་འཛོམས་ཡོད་པ་མ་ཟད།2020ལོའི་ཟླ7པར་རིག་གནས་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོའི་ཁག་གཉིས་པའི་ནང་བདེ་སྐྱིད་གྲོང་ཚོ་གཏན་འཁེལ་བྱས་པས། དེ་ནི་ས་གནས་ཀྱི་ཡུལ་སྐོར་མིང་བྱང་ཞིག་ཏུ་གྱུར་ཡོད། །