འབྲིང་རིམ་སློབ་མའི་སྤྱོད་ལམ།

རྩོམ་པ་པོ།   བསྟན་འཛིན་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2020-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྤྱིར་སློབ་འབྲིང་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན།རིག་གནས་ཤེས་བྱའི་ཡོན་ཚད་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་ཅུང་རིམ་པ་མཐོ་ཤས་ལ་ཐོན་ཡོད་ངེས་རེད།དོན་དངོས་སུ་ང་ཚོར་མཚོན་ན་མི་ཉུང་ཤས་ཙམ་མ་གཏོགས་དེ་ལྟར་མིན།ལོ་ངོ་བརྒྱད་དགུ་ཙམ་ལ་སློབ་གསོ་མྱོང་བའི་འབྲས་བུར་ཀུན་སྤྱོད་ལེགས་པོ་ཞིག་འཁྱོང་བར་བྱ་རྒྱུ་དེ་ཡིན་པ་སྨྲ་མེད་རང་གྲུབ་ཀྱི་ཚད་མར་གྱུར་ཡོད།

ཀུན་སྤྱོད་ལེགས་པོ་ཞིག་ལ་སྦྱོང་བརྡར་བྱ་རྒྱུ་ནི་ལྷན་སྐྱེས་སུ་ཡོད་པ་དང་རང་བཞིན་དུ་གྲུབ་པ་ག་ལ་ཡོད།དེ་ནི་རྗེས་སུ་ཉམས་མྱོང་དང་སློབ་གསོ་ལ་བསྟེན་ནས་ས་བོན་ལ་གསོ་སྐྱོང་བྱེད་པའི་དཔེ་བཞིན་དུ་མྱུ་གུ་རིམ་གྱིས་འབུས་ནས་འདབ་ལག་རྒྱས་བས།མཐར་འབྲས་བུ་ཕྲན་ཙམ་ཚོགས་པ་སྨིན་པའི་རྒྱུ་རུ་གྲུབ། ཚུལ་ཁྲིམས་ཀྱིས་ནི་རང་སྲུང་ལ།དགྲ་ཡིས་ཚོགས་ཀྱི་བྱ་ཡོད།རང་གི་ཀུན་སྤྱོད་དེ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་དུ་བསམ་ན།ངེས་པར་དུ་རང་གི་རང་གིས་ཀུན་སྤྱོད་པ་བཅུམས་དགོས་ལ།གཞན་གྱི་ལེགས་ཆ་ལེན་ཞིང་སྐྱོན་ཆ་འདོར་དགོས།རང་ལུས་སུ་མི་དགེ་བ་བཅུ་བོ་འབུར་དུ་མ་འཇུག་པར་གཙང་སང་ངེར་བཞུགས་དགོས།དེ་ལས་དགེ་སྦྱོར་རླབས་ཆེ་བ་ཞིག་བྱ་རྒྱུ་ནི་ལག་དུ་འཛིན་དགོས།ཉོན་མོངས་གྱིས་ནི་བདག་འཇོམས་ཤིང་། དགེ་བ་འགྲུབ་ཞིང་གཏི་མུག་འཕེལ་བའི་ཆོས་བཞིན་དུ།ཉོན་མོངས་འཇོམས་དེ་ཚུལ་ཁྲིམས་ཉམས་སུ་བླངས་དགོས།

     རང་ཅག་ནི་དུས་རབས་ཉེར་གཅིག་པའི་སྨྱུག་འཛིན་པའི་རུ་དཔུང་ངམ་གྲལ་སྡེ་འདིའི་མགྲིན་ཚབ་པ་ཞིག་དུ་གྱུར་ཡོད་ལ་ཕྲག་སྟེང་དུ་ཡང་ཁ་བྲལ་ཐབས་མེད་པའི་ལས་འགན་ཞིག་མཆིས་ཀྱང་།བོད་སྐད་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཡིན་ལ།ཚབ་ཆེ་བའི་སྒོ་ནས་བཤད་ན་མི་རིགས་འདིའི་དར་རྒུད་དང་མདུན་ལྗོངས་ལ་འབད་པའི་མདུན་སྐྱོད་ཀྱི་རུ་དཔུང་ཡིན།ཀུན་གཟུགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསེར་ནག་གི་ཞུན་ཐིགས་ལས་ཁྱོད་ཚོ་ནི་མི་རིགས་འདིའི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་ཡིན་ལ།མ་འོངས་པའི་རེ་བ་ཡིན་པས། དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་གི་ལས་ལ་འབད་དགོས།ཡོན་ཏན་སྦྱོང་བའི་དུས་ནི་ཧ་ཅང་ཉག་ཕྲ་བ་ཞིག་ཡིན།ཡོན་ཏན་སྦྱངས་པའི་མཐར་གཏུག་གི་དམིགས་ཡུལ་ནི་མི་གཤིས་ལེགས་པོའི་གཏོང་བའི་ཆེད་དུ་ཡིན་ཞེས་གསུངས་ཡོད།