ཁུལ་དཔོན་རྣམས་མགོ་ལོག་ཏུ་འཛོམས་ནས་བཞུགས་འབྲེལ་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས་9ཉིན་ནས་ཚེས10ཉིན་དུ།མཚོ་སྔོན་དང་བོད་ལྗོངས།སི་ཁྲོན།ཡུན་ནན།ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་(གྲོང་ཁྱེར་)དཔོན་བཞུགས་འབྲེལ་གྲོས་ཚོགས་ཐེངས་དྲུག་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་དུ་འཚོགས་པ་རེད།ཁུལ་(གྲོང་ཁྱེར)སོ་སོའི་ཁུལ་དཔོན་གྱིས་གྲོས་མོལ་བྱས་པ་བརྒྱུད《མགོ་ལོག་གྲོས་ཆོད》ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཞུགས་ཁུལ་དང་གྲོང་ཁྱེར་གསར་དུ་བསྣན་པ་རེད། རེས་སྐོར་གཉེར་བའི་རྩ་དོན་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རང་འགུལ་ངང་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ(གྲོང་ཁྱེར) དཔོན་བཞུགས་འབྲེལ་གྲོས་ཚོགས་ཐེངས་བདུན་པ་གཉེར་རྒྱུའི་རེ་ཞུ་བྱས་པ་རེད།

        ཁུལ་(གྲོང་ཁྱེར་) དཔོན་བཞུགས་འབྲེལ་གྲོས་ཚོགས་འཚོགས་པ་ནས་བཟུང་། མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ(གྲོང་ཁྱེར)སོ་སོས“མཉམ་འདྲེས་དང་། གསར་གཏོད། འཕེལ་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། མཉམ་ལས་དང་མཉམ་རྒྱལ་གཙོ་བཟུང་ནས།ས་ཁོངས་མཉམ་ལས་ཀྱི་ཞིབ་ཕྲའི་ཐབས་ལམ་དང་། བྱེད་ཐབས། བྱ་ཐབས་བཅས་སྔར་བས་གཏིང་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་དོན་ཚན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་།ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་འབྲེལ་མཚམས་ས་ཁུལ་གྱི་ཡུན་རིང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།མཚོ་སྔོན་དང་བོད་ལྗོངས།སི་ཁྲོན།ཡུན་ནན།ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁུལ་(གྲོང་ཁྱེར་)དཔོན་བཞུགས་འབྲེལ་གྲོས་ཚོགས་དེ་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།ས་ཁུལ་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང་བའི་སྒྲོག་ཐག་གལ་ཆེན།ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་བཅས་སུ་གྱུར་ཡོད།

        《མགོ་ལོག་གྲོས་ཆོད》ལ་གཞིགས་ན། ས་ཁོངས་ནང་གི་ཁུལ་དང་གྲོང་ཁྱེར་ཁག་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།གཅིག་ནི་སྣོད་བཅུད་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས། གཉིས་ནི་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་མགྱོགས་སུ་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།གསུམ་ནས་དབུལ་པོ་ཉུང་གཏོང་གི་མཉམ་ལས་ཐབས་ལམ་རྒྱ་ཆེར་བཏང་ནས་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས།བཞི་ནི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ལྔ་ནི་ཆེད་དོན་འཆར་འགོད་བཟོ་བ་དང་འཐུས་ཚང་དུ་བཏང་ནས་ས་ཁོངས་ནང་ཁུལ་གྱི་འགྲིམ་འགྲུལ་དྲ་བ་ཚགས་དམ་དུ་གཏོང་དགོས། དྲུག་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་བཙུགས་ནས་ཞི་མཐུན་འཕེལ་རྒྱས་ཀྱི་ལེའུ་ཐུན་མོང་ཐོག་གཏོད་དགོས།བདུན་ནི་སྤྱི་ཚོགས་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཞི་མཐུན་དུས་བདེའི་མཐའ་མཚམས་མཉམ་སྐྲུན་བྱེད་དགོས།བརྒྱད་ནི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་རྒྱ་བསྐྱེད་དེ་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས།