འཕེལ་རྒྱས་ཁྲོད་ཀྱི་སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བེ་ཤ་ནི་འཛམ་གླིང་སྟེང་རྩ་ཆེ་བའི་རང་བྱུང་སྨན་རྫས་ཞིག་ཡིན་ལ།འཚོ་བཅུད་ཀྱི་རིན་ཐང་དང་སྨན་སྤྱོད་རིན་ཐང་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་བེ་ཤ་ཡི་ཚེ་ཐག་ཧ་ཅང་ཐུང་སྟེ། ས་ལས་ཐོན་པ་ནས་སྨིན་པའི་བར་དུ་སྤྱིར་བཏང་དུ་ཉིན་7ཙམ་ལས་མི་དགོས།སྨིན་ནས་ཉིན་གཉིས་འགོར་རྗེས་བེ་ཤ་མྱུར་དུ་རྒས་འགྲོ་བ་རེད།འཚོ་བཅུད་རིན་ཐང་ཡང་དེ་དང་བསྟུན་ནས་ཤོར་བ་དང་།སྣང་ཚུལ་དེ་མི་ཡོང་བའི་ཆེད་དུ་མི་རྣམས་ཀྱིས་བེ་ཤ་ཉར་ཐབས་མང་པོ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད།སྲོལ་རྒྱུན་གྱི་བེ་ཤ་ཉར་ཚགས་བྱེད་ཐབས་ནི་ཉི་སྐམ་དང་རླུང་སྐམ་སོགས་ཡིན། གཙོ་བོ་ནི་ཤ་མོའི་ཆུ་ཇེ་ཉུང་དུ་བཏང་ནས་གསོག་ཉར་བྱེད་བདེ་བའི་ཆེད་དུ་ཡིན། ཚན་རྩལ་གོང་དུ་འཕེལ་བ་དང་ཆབས་ཅིག མིག་སྔར་གསོས་ཉར་ལག་རྩལ་དང་བྱ་ཐབས་གསར་པ་ལས་བེ་ཤ་ཐོན་ལས་ལས་སྣོན་ཞིབ་ཚགས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་མ་ཟད།བེ་ཤའི་ཐོན་ལས་རིན་ཐང་སྦྲེལ་ཐག་ཀྱང་སྣུར་སྲིང་ཐུབ་ཡོད།

      2004ལོའི་ཟླ་4པར།བདེ་ཆེན་ཁུལ་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླའི་རི་སྐྱེས་ཤ་མོ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་།སེམས་ཀྱི་ཉི་ཟླའི་བེ་ཤ་ལས་སྣོན་གླིང་ཁུལ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། གསར་སྤེལ་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན། གཉེར་སྐྱོང་། དོ་དམ། ཞབས་ཞུ་སོགས་ཀྱི་འགན་ཁུར་བ་དང་།གླིང་ཁུལ་དུ་ཞུགས་པའི་ཁེ་ལས་ལ་ཕྱིར་གཏོང་ཁྲལ་སློག་དང་མ་དངུལ་གྱི་རྒྱབ་སྐྱོར་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་བ་རེད། མིག་སྔའི་བར་རྒྱལ་ཐང་དུ་རི་སྐྱེས་བཟའ་བཅའ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི་དང་།སེམས་ཀྱི་ཉི་ཟླའི་ཤེས་རིག་གླིང་བཟའ་བཅའ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི། ཧྲེང་པའོ་ཀུང་སི་བཅས་གླིང་ཁུལ་དུ་བཅའ་སྡོད་བྱས་ཡོད། ད་ལྟ་བདེ་ཆེན་གྱི་བེ་ཤ་ལས་སྣོན་གཏིང་ཟབ་བྱས་པ་བརྒྱུད་ནས་སྤྱོད་ཆོད་པའི་དུས་ཚོད་རིང་དུ་ཕྱིན་ནས་བེ་ཤ་དེ་བས་ལེགས་པའི་སྒོ་ནས་ཁྲོམ་རར་བྲིན་ཁ་རྒྱུག་ཐུབ་པ་བྱུང་ཡོད།