2020ལོའི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-11   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ8པའི་ཚེས10ཉིན་གྱི་སྔ་དྲོར། “དབུལ་ཕོངས་དང་ཁ་བྲལ་ཏེ་འབྱོར་འབྲིང་ལ་འཐམ་པ”ཞེས་པ་བརྗོད་བྱ་ཡིན་པའི2020ལོའི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རྟ་རྒྱུག་ཐང་དུ་སྤེལ་འགོ་བརྩམས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ལ་ཕུལ་བྱུང་རིག་གནས་འགྲེམ་སྟོན་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། དངོས་ཟོག་ཚོང་དོན་བརྗེ་རེས། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། ཚོང་འགུག་དངུལ་འདྲེན་གྲོས་མོལ། གནས་སྐོར་ཐོན་ཁུངས་སྐུལ་སྤེལ་བཅས་གཅིག་ཏུ་བསྡུས་པའི་རྩྭ་ཐང་གི་འདུ་འཛོམས་ཆེན་མོ་དེ་ཟླ8པའི་ཚེས14ཉིན་བར་དུ་སྤེལ་རྒྱུ་ཡིན་པ་རེད།