རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་20པའི་སྟེང་བརྡ་ཆད་གསར་པ82གཏན་འབེབས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།པདྨ་ཚེ་རིང་།པདྨ་མཚོ།)2020ལོའི་ཟླ་8པའི་ཚེས་2ཉིན་ནས་ཚེས་6ཉིན་བར།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་།མཚོ་ལྷོ་ཚགས་པར་ཁང་དང་།མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་པའི་2020ལོའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་རེད།ཐེངས་འདིའི་ཚོགས་འདུ་ལ་པེ་ཅིང་དང་ཁྲེན་ཏུའུ།དེ་བཞིན་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་གྱི་བོད་ཡིག་ཚགས་པར་ཁང་དང་།  རྒྱང་སྒྲོག་བརྙན་འཕྲིན་ཁང་།  གསར་འགྱུར་དྲ་ཚུགས་བཅས་ཀྱི་མི་100ཡས་མས་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས།    ཚོགས་འདུའི་ཐོག་བརྡ་ཆད་གསར་པ504འབྱོར་ཞིང་།དེའི་ནང་ནས་བརྡ་ཆད་གསར་པ82ཞིབ་བཤེར་གཏན་འབེབས་བྱས་ཤིང་།བོད་སྐད་ཡིག་རིག་གནས་ལས་ཁུངས་དག་གིས་གཅིག་གྱུར་དུ་སྤྱད་རྒྱུའི་ཐག་བཅད། དེ་དང་མཉམ་དུ་རྒྱུན་སྤྱོད་ཚིག་ཐུང31དང་། དྲ་ངོས་དངAPPཔར་ངོས་སུ་བཀོལ་སྤྱོད་བྱ་རྒྱུའི་བརྡ་ཆད་གསར་པ193དཔྱད་གཞིའི་ཚུལ་དུ་ཕུལ་ཡོད་པ་རེད།

ཞིབ་བཤེར་གཏན་འབེབས་བྱས་པའི་བརྡ་ཆད་སྤྱི་བསྒྲགས།