གཉིད་ཀྱིས་འདང་ན་དགེ་མཚན་འདི་དག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-07   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

ངལ་གསོའི་དུས་སུ་ཁྱོད་ཀྱིས་ཞོགས་པ་སྔ་པོ་ནས་ལངས་ཀྱི་ཡོད་དམ། གལ་ཏེ་ཁྱོད་ཀྱིས་རྒྱུན་དུ་ནས་ཞོགས་པ་སྔ་པོ་ལངས་ཚེ། དེའི་དགེ་མཚན་དག་མྱོང་ཚོར་ཐུབ།


1 གྲུང་ཤ་དོད་པ།

 ཞོགས་པ་སྔ་པོ་ལངས་མཁན་ཞིག་ཡིན་ཕྱིན། སྤྱིར་ན་མཚན་འཁྱོངས་བྱེད་ཉུང་བ་ཞིག་ཡིན་ངེས་རེད། གཉིད་འདང་ངེས་ཤིག་ཉལ་ན་ཕྱི་ཉིན་གྲུང་ཤ་དོད་པོ་ཡོང་ཐུབ། ཞིབ་འཇུག་ལས་མངོན་པར། སྔ་ལངས་བྱེད་མཁན་དེ་ཞོགས་ཉལ་རྒྱག་མཁན་ལས་གྲུང་ཤ་དོད་པ་ཡོད། 

2གདོང་གཤིས་ཡག་པ།

 དགོང་སྔ་ཉལ་དང་ཞོགས་སྔ་ལངས་བྱས་ཚེ། ལུས་པོའི་རྙིང་ཚབ་གསར་བྱེད་ཡག་པོ་ཐུབ་པ་དང་མཆིན་པའི་དུག་སེལ་ནུས་པ་ཡག་པོ་ཡོད་ལ། གདོང་གཤིས་མཚན་འཁྱོངས་བྱེད་མཁན་ལས་ཡག་པ་ཡོད།



3ནད་འགོག་ནུས་པ་ལེགས་པ།

    ལས་ཀ་དང་ངལ་གསོ་ཚོད་རན་པོ་དང་གཉིད་འདང་ངེས་ཁུག་ཚེ། ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། སྙིང་ནད་དང་། ཁྲག་ཤེད་མཐོ་བ། མཁལ་ནད་སོགས་ཀྱི་ནད་རིགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།

4སེམས་རྣལ་དུ་ཕབ་ཐུབ་པ།

    གཉིད་འདང་ངེས་ཁུག་པ་དང་ཞོགས་སྔ་ལངས་བྱས་ན། ལུས་སྟོབས་འཕེལ་ནས་སེམས་རྣལ་དུ་ཕབ་ཐུབ་པས། སློབ་སྦྱོང་ངམ་ལས་ཀ་བྱེད་སྐབས་ཕན་འབྲས་ཀྱང་ཆེ་བ་ཡོད། གཞན་ཡང་ཞིབ་འཇུག་ལས་མངོན་པར། ཞོགས་པ་སྔ་པོ་ལངས་པའི་སློབ་མའི་སྦྱངས་འབྲས་ཕྱི་པོ་ལངས་མཁན་སློབ་མ་ལས་ལེགས་པ་ཡོད།


5བསམ་པའི་འཁྱེར་སོ་ཡག་པ།

    ཞོགས་པ་སྔ་ཙམ་ལངས་ན། ཉིན་མོའི་དུས་ཚོད་ཀྱང་རིང་བས། བྱ་བ་སྒྲུབ་པའི་དུས་ཚོད་མི་འདང་བ་ལས་བྱུང་བའི་བྲེལ་འཚུབ་དང་སེམས་ཁྲལ་ལངས་མི་སྲིད།   ཞོགས་སྔ་ལངས་རྒྱུན་འཁྱོངས་བྱེད་པར་དུས་མཚུངས་སུ་གཉིད་འདང་ངེས་ཤིག་ཁུག་དགོས་པས། དགོང་མོ་སྔ་ཙམ་ཉལ་རྒྱུ་གལ་འགངས་ཆེན་པོ་རེད།