ཆབ་ཆ་ནས་བོད་སྐད་སྨྱན་སྦྱོར་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-06   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

      སྤྱི་ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་ལ་ཉམས་མྱོང་བརྗེ་རེས་བགྲོ་གླེང་གྲོས་ཚོགས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་སྙན་སྒྲོན་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

གཡང་རྒྱལ་ཚེ་རིང་།  ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་པ།

   ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་གཡང་རྒྱལ་ཚེ་རིང་གིས་འགན་འཁྲི་སེམས་ལ་དམ་པོར་བཅངས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ཅེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།

ཚེ་རིང་ཆོས་འཕེལ།བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན།

     བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཚེ་རིང་ཆོས་འཕེལ་གྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་གདིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས། 

ཚེ་བྷོ།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱིའི་རྩོམ་སྒྲིག་པ།

  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱིའི་རྩོམ་སྒྲིག་པ་ཚེ་བྷོ་ཡིས་བོད་ཡིག་སྨྱན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས་ཞེས་ཁ་བྱང་བྱས་ནས་གཏམ་བཤད་བྱས།

སྐལ་ཁོ།ཁམས་པའི་བརྙན་འཕྲིན་ཁང་སྤྱིའི་རྩོམ་སྒྲིག་ཁང་གི་ཞུས་ཆེན་ལོ་ཙཱ་བ།

    ཁམས་པ་བརྙན་འཕྲིན་ཁང་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ཆེན་ལོ་ཙཱ་བ་སྐལ་ཁོས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟབ་སྤེལ་བཏང་སྟེ་མི་རིགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་རྩེ་གྲ་གསར་བསྐྲུན་བྱ་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།


གངས་དབང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་པ་གཞོན་པ།

    དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གངས་དབང་གིས་རྒྱུན་འཛིན་དང་གསར་གཏོད་ཅེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།  



པད་མ་ཚེ་རིང་།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་པ་གཞོན་པ།


    བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པད་མ་ཚེ་རིང་གིས་བདེ་ཆེན་བོད་ཁུལ་དུ་གསར་འགྱུར་སྨྱན་སྦྱོར་ཁྱབ་སྒྲོག་འཕེལ་རྒྱས་བྱུང་བ་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།


དབྱང་ཁྲིན་ཏེ།མཚོ་ལྷོ་ཚགས་པར་ཁང་གི་འགོ་གཙོ།

    མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེན་ཏེ་ཡིས་དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་སྨྱན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།

སྟག་ལྷ་འབུམ།  མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་གསར་གཏོད་པ།

    མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་གསར་བཏོད་པ་སྟག་ལྷ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་སྐོར་ངོ་སྤྲོད་བྱས་པ་རེད།



ལིས་ཡུས།  མཚོ་སྔོན་དགེ་ཐོན་སློབ་ཆེན་གསར་འགྱུར་བརྒྱུད་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ།


  མཚོ་སྔོན་དགེ་ཐོན་སློབ་ཆེན་གསར་འགྱུར་བརྒྱུད་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ལིས་ཡུས་ཀྱིས་མདོ་འཛིན་བྱས།










དྲན་རྟེན་མཉམ་པར།