རྒྱལ་ཐང་མྱི་ཟུར་ལ་ཡུལ་སྐོར་བྱེད་པའི་ལམ་ཐིག

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2020-08-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     མྱི་ཟུར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་གནས་ཡོད་པ་དང་་གྲོང་མཁར་དང་སྤྱི་ལེ75བར་ཐག་ཡོད།   མྱི་ཟུར་ཡུལ་གྱི་ཕྱོགས་བཞི་བོར་རྫོང་མཐུག་པའི་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་ནས་སྔོ་ལྗང་ངེར་གནས་ཤིང་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པས་འགྲུལ་བཞུད་བྱེད་ས་གཙོ་བོ་ཞིག་ཏུ་ཆགས་ཡོད།  ཡུལ་འདིའི་མཐོ་ཚད་ནི་གྲོང་མཁར་ལས་དམའ་བས་སྐྱེ་དངོས་སྣ་ཚོགས་སྐྱེས་ཡོད།  ནགས་ཚལ་ནང་དུ་བྱ་ཝང་དང་དོམ་ལ་སོགས་པའི་སྲོག་ཆགས་སྣ་མང་འཚོ་ཞིང་།  མྱི་ཟུར་ཡུལ་ན་བདེ་ཆེན་དུ་མིང་གྲགས་ཡོད་པའི་མཐོ་སྒང་གི་ཕྱུགས་ར་མང་པོ་ཡོད་པ་མ་ཟད།   ཕྱུགས་ར་རྒྱ་ཆེ་ཞིང་ཁོད་སྙོམས་ལ་རྩྭ་ཆུ་ཤིན་ཏུ་འཛོམས་པོ་ཡོད།    སྣོད་བཅུད་ཀྱི་བཀོད་པ་ཚར་དུ་དངར་ཞིང་མི་རིགས་རིག་གནས་ཀྱི་རྨང་མཐུག་པས་ཡུལ་འདི་ལ་ཀུན་གྱིས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་ཞེས་སུ་འབོད།

     སེམས་ཀྱི་ཉི་ཟླ་གྲོང་མཁར་ནས་རླངས་འཁོར་ལ་བསྡད་དེ་ལིའོ་ཅི་ཤང་དང་།   དེ་ནས་སྤྱི་ལེ33སོང་ན་མྱི་ཟུར་གྲོང་ཚོར་ཐོན་ཐུབ། 

     མྱི་ཟུར་ནས་སྤྱི་ལེ6ལ་རྐང་ཐང་གིས་སོང་ནས་མདོག་བདུན་རྦབ་ཆུ་ཞེས་པར་ཐོན་ཐུབ།  ལམ་བར་ནས་གདོད་མའི་ནགས་ཚལ་བརྒྱུད་དེ་འགྲོ་དགོས།  

    མྱི་ཟུར་ནས་རྟ་ལ་ཞོན་ཏེ་ཕྱུགས་ར་དང་གདོད་མའི་ནགས་ཚུལ་བརྒྱུད་ནས་ཞོ་རྡོ་མཚོའི་ཕྱོགས་སུ་བསྐྱོད་ཆོག་པ་དང་།   དེ་ནས་གྲོང་མཁར་དུ་ཕྱིར་ལོག་པ་བཅས་ཀྱི་ལམ་ཐིག་ཡོད།  


     གཞན་ཡང་ཡུལ་འདི་ནས་ཐོན་པའི་ནོར་ཤའི་བྲོ་བ་ཧ་ཅང་ཞིམ་ལ་མྱི་ཟུར་ནོར་ཤ་ཟེར་ན་སེམས་ཀྱི་ཉི་ཟླའི་ཉེ་འཁོར་དུ་མིང་གྲགས་ཤིན་ཏུ་ཆེ།  ཕྱོགས་བཞིར་གདོད་མའི་ནགས་ཚལ་གྱིས་ཁྱབ་ཡོད་པས་བེ་ཤ་ཐོན་ཚད་ཤིན་ཏུ་མང་ས་ཞིག་ཡིན།  ཡུལ་འདི་ནི་རོང་འབྲོག་གཉིས་ཀ་གཉེར་བའི་ཡུལ་གྲུ་ཞིག་ཀྱང་ཡིན་ལ་རི་སྐྱབས་རྟ་རྒྱུག་གི་དུས་ལ་རྟ་ལ་བཅིབས་ནས་ལྷ་རིར་བསྐོར་བ་དང་།   གྲོང་མི་རྣམས་མཉམ་དུ་འཛོམས་ནས་ཞིམ་མངར་ལྡན་པའི་ཇ་ཆང་དང་སྐྱིད་པའི་གླུ་གར་ལ་རོལ་སྲོལ་ཡོད།   བརྗིད་ཉམས་ལྡན་པའི་བོད་ཁང་གི་མདུན་ན་ནས་གདང་རེ་རེ་གྲོང་ངེར་འགྱིང་ཞིང་།    རྣང་ཞིང་གྲུ་བཞིའི་བར་ན་འབྲུ་ལྔའི་མགོ་ལྕོག་གར་ཏུ་རྩེན།   ཡུལ་འདི་ནི་བཀྲ་ཤིས་ཤིང་དགེ་བཅུ་ཚང་བའི་ཡུལ་གྲུ་ཞིག་ཡིན་པས་སྐུ་ཉིད་ལྟད་མོར་ཕེབས་པར་དགའ་བསུ་ཞུ། །