བདེ་ཆེན་གྱི་གྲོང་གསེབ་སློབ་མས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་འདོན་ན་ཁ་གསབ་རོགས་དངུལ་སྒོར་2500རེག་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཉེ་སྔོན། བདེ་ཆེན་ཁུལ་གྱིས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་གྲོང་གསེབ་སློབ་མ་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ལས་ཀ་འགོ་ཚུགས་པ་དང་།  བདེ་ཆེན་ཁུལ་གྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ནས་ཐོན་ཏེ་མུ་མཐུད་སློབ་རིམ་འཕར་མ་ཐུབ་པའི་གྲོང་གསེབ་ཀྱི་ཐེམ་ཐོ་ཡིན་པའི་སློབ་མས་དམའ་རིམ་དང་མཐོ་རིམ་སློབ་འབྲིང་། དེ་བཞིན་ཡན་གྱི་སློབ་ཐོན་ལག་ཁྱེར་ལ་བརྟེན་ནས་ཚོད་ལྟའི་ལས་འགན་འཁུར་བའི་སློབ་གྲྭ་28ལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་སྐྱོད་སྐབས་ཁ་གསབ་རོགས་དངུལ་སྒོར་2500རེག་རྒྱུ།

      ཚོད་ལྟའི་ལས་འགན་འཁུར་བའི་སློབ་གྲྭ་28ནི་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་དང་ནུའུ་ཅང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ   ལན་ཕིང་རྫོང་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ   ཡུན་ནན་ཞིང་ཆེན་མི་རིགས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ   ཡུན་ནན་ཞིང་ཆེན་ཆུ་བེད་ཆུ་གློག་སློབ་གྲྭ  ཡུན་ནན་ཚོང་དོན་ཆ་འཕྲིན་ལས་གཞིའི་སློབ་གྲྭ  ཡུན་ནན་བཟོ་རྩལ་མཛེས་རྩལ་སློབ་གྲྭ    ཡུན་ནན་འཛུགས་སྐྲུན་སློབ་གྲྭ     ཡུན་ནན་ཞིང་ཆེན་རྫས་བཟོ་སློབ་གྲྭ      ཡུན་ནན་ཞིང་ཆེན་ཉོ་ཚོང་དཔལ་འབྱོར་སློབ་གྲྭ     ཁུན་མིང་གྲོང་ཁྱེར་སྒྱུ་རྩལ་སློབ་གྲྭ     ཁུན་མིང་ལྕགས་ལམ་འཕྲུལ་ཆས་སློབ་གྲྭ      ས་དམ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ     ཡུན་ནན་ཞིང་ཆེན་ཡུས་ཞི་ལག་རྩལ་པའི་སློབ་གླིང་། ཡུན་ནན་འགྲིམ་འགྲུལ་ལག་རྩལ་པའི་སློབ་གླིང་།  ཡུན་ནན་བཟོ་ལས་ལག་རྩལ་པའི་སློབ་གླིང་།    ཡུན་ནན་ཧོང་ཧོ་ལག་རྩལ་པའི་སློབ་གླིང་།  ཏ་ལིའི་ལག་རྩལ་པའི་སློབ་གླིང་།     ཡུན་ནན་ཟངས་ལས་མཐོ་རིམ་ལག་རྩལ་པའི་སློབ་གྲྭ     ཡུན་ནན་ལག་རྩལ་པའི་སློབ་གླིང་། ཡུན་ནན་ཞིང་ཆེན་ནགས་ལས་མཐོ་རིམ་ལག་རྩལ་པའི་སློབ་གྲྭ     ཡུན་ནན་ནགས་ལས་ཆེད་ལས་ལག་རྩལ་སློབ་གླིང་།     ཡུན་ནན་ཞིང་ཆེན་ཆུས་ཅིང་ཉེར་སྤྱོད་ལག་རྩལ་སློབ་གྲྭ      ཡུན་ནན་ལྕགས་བཞུ་མཐོ་རིམ་ལག་རྩལ་པའི་སློབ་གྲྭ   ཡུན་ནན་ཞིང་ཆེན་གློག་རྡུལ་ཆ་འཕྲིན་མཐོ་རིམ་ལག་རྩལ་པའི་སློབ་གྲྭ     ཁུན་མིང་མཐོ་རིམ་ལག་རྩལ་པའི་སློབ་གྲྭ     པའོ་ཧྲན་ལག་རྩལ་པའི་སློབ་གླིང་།  ཡུན་ནན་ཞིང་ཆེན་དམིགས་བསལ་སློབ་གསོའི་ཆེད་ལས་སློབ་གླིང་བཅས་ཡིན།


      ཁ་གསབ་བྱེད་པའི་ཚད་གཞི་ནི་དམའ་འབྲིང་ནས་ཐོན་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་མས་སློབ་གྲྭར་ཡོད་དུས་ཀྱི་སློབ་ལོ་དང་པོ་དང་སློབ་ལོ་གཉིས་པ།  མཐོ་འབྲིང་ནས་ཐོན་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་མས་སློབ་གྲྭར་ཡོད་པའི་སློབ་ལོ་དང་པོར་སློབ་མ་རེར་སློབ་ལོ་རེར་སྒོར་2500ཡི་འཚོ་བའི་རོགས་དངུལ་སྤྲོད་རྒྱུ།  བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་གྲོང་གསེབ་སློབ་མ་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ལས་ཀ་ལག་བསྟར་བྱེད་པ་ནི་ཞིང་ཨུ་དང་ཞིང་ཆེན་སྲིང་གཞུང་གི་དམངས་འཚོའི་ལས་གཞི་དང་དམངས་ཕན་ལས་གཞི་གལ་ཆེན་ཞིག་ཡིན་ལ།  གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ངལ་རྩལ་པའི་བྱང་ཚད་མཐོར་གཏོང་བ་དང་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ནུས་ལྡན་གྱི་ལམ་བུ་ཞིག་ཀྱང་ཡིན་པས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ད་ལོའི་ཚོད་ལྟའི་ལས་ཀ་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ཡོད།