ལྕཊ་ལམ་འདི་བསྐྲུན་རྗེས་ཟི་ལིང་ནས་ཁྲེན་ཏུར་ཆུ་ཚོད4.5ནང་སླེབས་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ད་ལོའི་ཚུན་གྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་།  ལམ་ཐིག་དེ་བྱང་ངོས་སུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འགོ་ཚུགས་ཏེ། ལྷོ་ངོས་སུ་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་དང་དཔའ་ལུང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་ཐུན་རིན་རྫོང་བཅས་བརྒྱུད་དེ་འགྲོ་བ་དང་། དེ་རྗེས་ཤར་ལྷོའི་ངོས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་རིམ་བཞིན་བསང་ཆུ་རྫོང་དང་། གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང་བཅས་བརྒྱུད་དེ་འགྲོ་བ། ལྷོ་ངོས་སུ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་བརྒྱུད་དེ་ད་ལྟ་སྐྲུན་བཞིན་པའི་ཁྲེན་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་གྱི་ཧོང་ཧྲེང་ཀོན(黄胜关)བབས་ཚུགས་དང་སྦྲེལ་མཐུད་བྱས་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་836.5ཡོད་པ་དང་། མེ་འཁོར་གྱི་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ཡིན། དེའི་ཁྲོད་ལྷ་མོ་དགོན་ནས་ཧུང་ཡོན་བར་གྱི་ལམ་དུམ་བུའི་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་250ཡིན། ལམ་ཐིག་དེ་བསྐྲུན་རྗེས་ཟི་ལིང་ནས་ཁྲེན་ཏུའུ་བར་ཆུ་ཚོད་4.5ནང་སླེབས་ཐུབ་ཀྱི་ཡོད།

        ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་ཞིང་། རང་རྒྱལ་ནུབ་རྒྱུད་ཀྱི་མྱུར་བགྲོད་བགྲོད་ལམ་ཆེན་པོ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་འཕེལ་རྒྱས་འཆར་འགོད་ནང་བཅུག་ཡོད།          ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དབར་སྦྲེལ་མཐུད་བྱེད་པའི་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་ཞིག་ཡིན་པ་དང་། སྤྱི་ལོ་2020ལོའི་ཟླ་3ཚེས་5ཉིན་གྱི་སྔ་དྲོར་ལྕགས་ལམ་དེའི་སི་ཁྲོན་དུམ་བུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།