ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རྣམ་གྲངས་ལས་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚིགས་ཀྱི་ཁང་ཐོག་ཕུབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས29ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རྣམ་གྲངས་ལས་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚུགས་ཀྱི་ཁང་པའི་རྣམ་གྲངས་གཙོ་བོ་སྔོན་དཔག་ལས་ཉིན་གསུམ་གྱི་སྔོན་དུ་ཁང་ཐོག་ཕུབས་པས། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

        ཉིན་འདིའི་ཕྱི་དྲོར། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རྣམ་གྲངས་ལས་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚིགས་ཀྱི་ཁང་ཐོག་ཕུབས་པའི་མཛད་སྒོ་དེ་རྣམ་གྲངས་སྤྱི་གཉེར་པུའུ་རུ་གཟབ་རྒྱས་ངང་སྤེལ་བ་དང་། སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚིགས་ཀྱི་ཁང་པའི་འཛུགས་སྐྲུན་དེ་བརྩེགས་རིམ་ཅན་གྱི་གངས་རི་ཞེས་པ་བརྗོད་གཞི་བྱས་ནས། ཁང་པའི་ནང་གི་འཛུགས་སྐྲུན་དེ་ཤིང་ཆ་དང་བོད་གཞི་རྒྱུ་སོགས་མཉམ་འདྲེས་བྱས་ནས་ཇུས་འགོད་བྱས་པ་རེད།

        མིག་སྔའི་བར་དུ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་རྣམ་གྲངས་ལས་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚིགས་ཀྱི་ཁང་ཐོག་ཕུབས་པ་དང་། འབབ་ཚུགས་ཀྱི་ཆར་པའི་ཕུར་རྨང་གི་ཨར་ལས་66.32%ལེགས་གྲུབ་ཟིན་ནས་རྨང་གཞིའི་18.46%ལེགས་གྲུབ་ཟིན་ཡོད། ཡང་ཐང་མེ་འཁོར་འབབ་ཚིགས་ཀྱི་ཁང་བའི་གཙོ་གཟུགས་གྲུབ་ཆ་ལེགས་གྲུབ་ཟིན་པ་དང་། རྩིག་པའི་ལས་གྲྭ་ཡང་ལེགས་གྲུབ་ཟིན་པ། ཁང་པའི་ངོས་ཀྱི་ཆུ་འགོག་ལས་གྲྭའི་ཨར་ལས་ལེགས་གྲུབ་ཟིན་པ། འབབ་ཚིགས་ཁང་པའི་སྤྱི་ཡོངས་ཀྱི་རྒྱན་སྤྲས་མཛེས་བཟོ་ལས་གྲྭའི་ཨར་ལས་30%ལེགས་གྲུབ་ཟིན་པ། འབབ་ཚུགས་ཀྱི་ཆར་པའི་ཕུར་རྨང་གི་གཙོ་གཟུགས་གྲུབ་ཆ་40%ལེགས་གྲུབ་ཟིན་ཡོད། ལ་ཧྲི་ཧའེ་མེ་འཁོར་འབབ་ཚིགས་ཀྱི་ཁང་ཐོག་ཕུབས་པ་དང་། ཁང་པའི་ལས་གྲྭ་ལེགས་གྲུབ་ཟིན་པ། གཙོ་གཟུགས་དང་དེ་བཞིན་གྲུབ་ཆའི་ལས་གྲྭ་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ། མཛེས་བཟོའི་ལས་གྲྭ་35%ལེགས་གྲུབ་ཟིན་ཡོད། ཐོན་སྐྱེད་དང་འཚོ་བའི་ཞོར་གཏོགས་སྡོད་ཁང་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚུགས་སྤྱི་བདེ་མངགས་གཏོང་ཁང་གི་རྨང་གཞིའི་ཨར་ལས་ལེགས་གྲུབ་ཟིན་པ་དང་གྲུབ་ཆ་གཙོ་བོའི་30%ལེགས་གྲུབ་ཟིན་པ། འབབ་ཚུགས་ཀྱི་ཁེར་རྐྱང་ཉལ་ཁང་དང་། རིམ་པ་གཉིས་པའི་དམག་མིའི་མཁོ་སྤྲོད་ས་ཚིགས་དང་གསང་སྤྱོད་འཁྲུ་ཁང་སོགས་རྨང་གཞིའི་སྒྲིག་གཞི་ཨར་ལས་སྐྲུན་བཞིན་ཡོད། ཕྱོགས་བསྡུས་ཉམས་གསོ་ལས་ཁུལ་གྱི་ཐོན་སྐྱེད་ཐོག་ཁང་དང་། ཁེར་རྐྱང་ཉལ་ཁང་། རྒྱུ་ཆ་དྲོད་ཁང་གི་རྨང་གཞིའི་གྲུབ་ཆ་བཅས་བསྐྲུན་ཟིན་པ། ཡང་ཐང་མེ་འཁོར་འབབ་ཚིགས་ཀྱི་ཁེར་རྐྱང་ཉལ་ཁང་མཛེས་བཟོའི་ལས་གྲྭ་50%ལེགས་གྲུབ་ཟིན་པ་དང་། བཟོ་ཁུལ་གྱི་གཞུང་ལས་ཐོག་ཁང་དང་། ཉལ་ཁང་། སྒོ་སྲུང་ཁང་། སྣུམ་གསོག་ཁང་སོགས་ཐོན་སྐྱེད་དང་འཚོ་བའི་ཞོར་གཏོགས་ཁང་པའི་གྲུབ་ཆ་གཙོ་བོའི་ཨར་ལས་20%ལེགས་གྲུབ་ཟིན་ཡོད།

         མིག་སྔར། སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚིགས་ཀྱི་ཁང་ཐོག་རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།