གྲོང་ཚོའི་ཀྲུའུ་རེན་རྡོ་རྗེ་དང་ཡུལ་གཞན་དུ་གནས་སྤོར་བྱེད་པ། །

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ལོ་ན་43ལོན་པའི་རྡོ་རྗེས་ནི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་བཞི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་ལ།  2016ལོར་དམངས་འདེམས་བརྒྱུད་གྲོང་ཚོར་འགན་འཁུར་རྗེས་དབུལ་སྒྲོལ་འགག་སྒྲོལ་དང་མཉམ་དུ་མདུན་སྐྱོད་བྱས་ཏེ།  བོད་རིགས་ས་ཁུལ་གྱི་གྲོང་གསེབ་གཞི་རིམ་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་མངོན་ཡོད།

        ལོ་འགའི་སྔོན་ལ། ལ་བཞི་གྲོང་ཚོར་ས་རྒྱུ་ཞན་པ་དང་སྔོ་ཁེབས་ཉུང་བ།     གྲོང་མི་ཚོ་ཆུང་འགར་རང་བྱུང་ཁོར་ཡུག་ཞན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་སྣ་ཚོགས་གནས་ཡོད་པས་དབུལ་ཕོངས་ཀྱི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད།  གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་པ་ནས་བཟང་།    འཇོལ་རྫོང་གིས་ལ་བཞི་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལ་སྒང་དང་རི་གཉན། ཐང་ཤོད། ལ་གྲོང་སོགས་གྲོང་མི་ཚོ་ཆུང་གི་དུད་ཚང་18ཀྱི་དབུལ་ཕོངས་མང་ཚོགས་ལ་ཡུལ་གཞན་དུ་གནས་སྤོ་འཇུག་རྒྱུའི་གཏན་འབེབས་བྱས།

        2016ལོའི་ཟླ་5པར་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་འོག  རྡོ་རྗེ་ཡིས་ལ་བཞི་གྲོང་ཚོའི་ཁྱབ་ཁོངས་སུ་གནས་སྤོའི་ས་ཆ་འཚོལ་འགོ་ཚུགས། ཡུལ་དངོས་ལྟ་ཞིབ་དང་ཚན་རིག་དང་མཐུན་པའི་ངང་རྩད་བཤེར་བྱས་པ་བརྒྱུད་མཐར་ལ་བཞི་གྲོང་ཚོ་འབྲི་ཆུའི་ངོགས་ཀྱི་ས་སེར་སྟེང་ཟེར་བའི་ས་རྒོད་ཅིག་བདམས།   དེའི་རྗེས་སུ་རྡོ་རྗེ་ཡིས་གྲོང་ཚོ་ནང་གི་ལས་བྱེད་མི་སྣ་དང་མཉམ་དུ་གནས་སྤོའི་སྐུལ་སློབ་བྱས་ཏེ་ཁོ་དང་བཅས་པས་སྔོན་ལ་གཞོན་པ་དང་རྗེས་སུ་རྒས་པ། སྔོན་ལ་སླ་བ་དང་རྗེས་སུ་དཀའ་བ། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ། རིམ་གྱིས་གཏོར་ཐབས་བྱེད་པ་བཅས་ཀྱི་ལས་ཀ་བྱེད་སྟངས་སྤྱད་དེ་དོན་དངོས་ཀྱི་དཔེ་མཚོན་ལ་བརྟེན་ནས་མང་ཚོགས་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་གནས་སྤོས་རྗེས་ཀྱི་དགེ་མཚན་སྒྲོག་འགྲེལ་བྱས། མཐར་དབུལ་ཕོངས་དུད་ཚང་18གནས་སྤོ་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

        ཡུལ་གཞན་དུ་གནས་སྤོར་བྱེད་པའི་སྲིད་ཇུས་ཀྱི་བླང་བྱ་ལྟར། མང་ཚོགས་ཀྱི་བདེ་འཇགས་འགན་འཁྲི་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མང་ཚོགས་རང་གིས་རྙིང་བཤིག་བྱས་པ་མ་ཟད།  གོང་རིམ་སྲིད་ཇུས་ལ་གཞིགས་ཏེ་དུད་ཚང་རེར་སྒོར་10000 ཡི་བྱ་དགའ་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱིས་བཤིག་རྒྱུའི་ཧུར་སེམས་སྐུལ་སློང་ཤུགས་ཆེན་བྱས་ཡོད།  ཞིང་དུད་18ཀྱིས་གཅིག་རྗེས་གཉིས་མཐུད་ངང་བཤིག་པ་དང་བསྐྱར་སྦོལ་བསྐྱར་གསོའི་ལས་དོན་སྤེལ་ཡོད། 2017ལོའི་ཟླ་12པར་གནས་སྤོས་ཞིང་དུད་ཚང་མ་སྡོད་ཁང་གསར་པར་སྤོས་ནས་ཕྱོགས་གཉིས་བཟུང་བ་དང་ཕྱོགས་གཉིས་སྡོད་པའི་གནས་ཚུལ་སྔོན་འགོག་ནུས་ལྡན་ཐུབ་ཡོད།

        ལ་བཞི་གྲོང་ཚོའི་ས་སེར་སྟེང་གནས་སྤོ་སའི་ཞིང་དུད་18ཁྲོད་དུད་ཚང་16ནི་ཡིག་ཚགས་དང་གཱ་བཟོས་བའི་དབུལ་ཕོངས་དུད་ཚང་ཡིན་ལ། ལ་བཞི་གྲོང་ཚོ་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་བའི་དུད་ཚང་ཡོངས་ཀྱི་60%ཡན་ཟིན། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་བརྟན་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། རྡོ་རྗེ་ཡིས་ཧུར་ཐག་གིས་སྲིད་ཇུས་བརྩོན་ལེན་བྱས་ཏེ། ཚན་པའི་ཁོངས་མི་དང་མཉམ་དུ་འཕེལ་རྒྱས་ལ་འཚམ་པའི་ཐོན་ལས་ལ་ཞིབ་འཇུག་བྱས་ནས་མང་ཚོགས་ལ་དངོས་གནས་འཚོ་བ་ཡག་པོ་སྐྱེལ་དུ་བཅུག   2017ལོར་སྡོད་ཁང་གསར་པར་སྤོས་བ་ནས་བཟུང་། གནས་སྤོ་སར་གོ་རིམ་ལྡན་པའི་སྒོ་ནས་ཇ་མ་དང་། སྔོ་ཚལ་འདེབས་འཛུགས། རྐོ་འདྲུའི་འཕྲུལ་འཁོར། གློག་གིས་ཚ་ལ་རྒྱག་པ་སོགས་ཀྱི་ངལ་རྩོལ་ནུས་རྩལ་གསོ་སྦྱོང་བྱས། དེའི་དུས་མཚུངས་སུ་རྡོ་རྗེ་ཡིས་ད་དུང་ས་སེར་སྟེང་གི་གནམ་གཤིས་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་གྲོང་མིར་སྣུམ་སྐྱུ་རུ་རའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་འབྲེལ་བྱ་དགའ་དང་ཁ་གསབ་སྤྲོད་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་རང་ངོས་ཀྱི་སྒུལ་ཤུགས་འཕེལ་བ་བྱེད།  རྡོ་རྗེ་སོགས་ཀྱི་འབད་བརྩོན་འོག་ས་སེར་སྟེང་གནས་སྤོ་སའི་ཡིག་ཚགས་ད་གཱ་བཟོས་བའི་དབུལ་ཕོངས་དུད་ཚང་དབུལ་ཐར་བྱུང་བར་རེད།