རང་ཁུལ་གྱིས་སླར་ཡང་འཛད་སྤྱོད་དབུལ་སྐྱོར་ལས་ཀ་དོན་འཁྱོལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  བདེ་ཆེན་ཁུལ་གྱིས་འཛད་སྤྱོད་དབུལ་སྐྱོར་ཆེད་དོན་ལས་ཀ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་དང་། རང་ཁུལ་གྱིས་འཛད་སྤྱོད་དབུལ་སྐྱོར་ཆེད་དོན་ལས་ཀ་ལ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།

            ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་གཏིང་ཟབ་གཏོང་རྒྱུའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་གཏོང་དགོས་པ་དང་།  ཁེ་ལས་ཀྱིས་མཛོད་ཉར་དང་དཀའ་གནད་སྒྲོལ་བར་རོགས་རམ་བྱ་དགོས།  འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འཛད་སྤྱོད་འཕར་སྣོན་མུ་མཐུད་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་འཕར་སྣོན་གྱིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ཁུལ་གྱི་འཛད་སྤྱོད་དབུལ་སྐྱོར་གྱི་སྲིད་ཇུས་ཁག་དང་ལས་ཀའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་འདེད་གཏོང་དགོས། འཛད་སྤྱོད་དབུལ་སྐྱོར་ལས་ཀ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས།

 

        ཚོགས་འདུའི་ཐོག་《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་གཞུང་དོན་ཁང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་2020ལོའི་འཛད་སྤྱོད་དབུལ་སྐྱོར་ཆེད་དོན་བྱེད་སྒོ་སྤེལ་བར་སྐོར་གྱི་བརྡ་ཐོ》དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཛད་སྤྱོད་དབུལ་སྐྱོར་ཆེད་དོན་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  རང་ཁུལ་གྱི་མིག་སྔའི་འཛད་སྤྱོད་དབུལ་སྐྱོར་ལས་ཀ་གྲུབ་པའི་གནས་ཚུལ་བརྡ་ཁྱབ་བཏང་བ།  དེ་མིན་ཁུལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་གྱི་ཁྱབ་ཁོངས་དང་ནང་དོན།  བྱེད་ཐབས།  གཙོ་གནད་ལས་འགན་བཅས་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད།

 

        ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ལས་ཀ་ལ་བླང་བྱ་བཏོན་ཏེ།  གཅིག་ནི་བསམ་བློ་གཅིག་འགྱུར་བྱེད་དགོས་པ་དང་བྱ་སྤྱོད་མྱུར་སྤེལ། ཁོངས་མིའི་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་ལ། དབུལ་སྐྱོར་ལས་དོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་འཛད་སྤྱོད་དབུལ་སྐྱོར་གྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱེད་དགོས།  གཉིས་ནི་བཀོལ་སྤྱོད་ཚད་ལྡན་དང་བྱེད་ཐབས་ནུས་ལྡན་ཡིན་དགོས་ལ། འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། སྡེ་ཚན་ཁག་གིས་འཛད་སྤྱོད་དབུལ་སྐྱོར་བྱེད་རིམ་ཁྲོད་བཀོལ་སྤྱོད་ཚད་ལྡན་དང་བྱེད་ཐབས་ནུས་ལྡན་ཡིན་དགོས་ཤིང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས།  གསུམ་ནི་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཇུས་ཤུགས་མཉམ་འདོན་གྱིས་འཛད་སྤྱོད་དབུལ་སྐྱོར་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།