བདེ་ཆེན་གྱི་སྔོ་ཚལ་དང་སིལ་ཏོག་གསར་བ་ཁྲོམ་རར་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཤ་རིགས་སྣ་ཚོགས།

    མིག་སྔར། བེ་ཤ་འཐོག་པའི་དུས་ཚིགས་འགོ་བརྩམས་མ་ཐག་ཡིན། སེམས་ཀྱི་ཉི་ཟླའི་གྲོང་མིས་ཀྱང་ཡུན་རིང་རེ་སྒུག་བྱས་པའི་ཤ་མོ་ཟ་བའི་དུས་ཚིགས་བསུས་ཡོང་རེད། པ་སེར་ཤ་མོ། ཆིང་ཐོའུ་ཤ་མོ། བྱ་སུག་མ་བྱེའུ་སུག སྟག་ལག་ཤ་མོ་སོགས་ཤ་མོ་སྣ་ཚོགས་སྔ་རྗེས་སུ་ཁྲོམ་རར་ཐོན་ཞིང་། གྲོང་མི་ཚོས་ཡང་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་རར་ཡོང་ནས་ཉོ་སྒྲུབ་བྱས་ཤིང་ད་ལོའི་ཤ་རིགས་ཀྱི་དྲོ་བ་གསར་བར་མྱོང་བཞིན་ཡོད།  

སིལ་ཏོག་སྣ་ཚོགས།

    ཉེ་ཆར་ཡང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་ཁག་ཏུ་ཀོང་རྩེད་ར་ནས་ཐོན་པའི་ཀུ་བ་དང་མ་རྨོས་ལོ་ཏོག ཀྲོ་མ་ཀྲུ། ལི་ཙི་བཅས་དང་། སན་པ་ཡི་ཧོ་ལུང་ཀོ གཡེར་མ། འབའ་ལུང་གི་རི་སྨན་དང་གྲོ་མ་ཚལ། ཉི་ཤར་གྱི་སུར་པན་དང་ཏ་ལ་ཡི་སྟར་ཁ་སོགས་དུས་ཚིགས་རང་བཞིན་ཀྱི་ཤིང་འབྲས་དང་སྔོ་ཚལ་སྔ་རྗེས་སུ་ཁྲོམ་རར་ཐོན་ཞིང་། སེམས་ཀྱི་ཉི་ཟླའི་གྲོང་མིའི་གསོལ་ཟས་སྔར་ལས་ཕུན་སུམ་ཚོགས་པར་བཏང་།


སྔོ་ཚལ་གསར་བ།