བོད་ལྗོངས་སུ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་སྔོན།  སློབ་ཆེན་མཐར་ཕྱིན་སློབ་མའི2020ལོའི་ལས་ཞུགས་ལས་གཏོད་བྱ་བའི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་བོད་ལྗོངས་སུ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།  ལས་ཞུགས་ཐོག་མར་བྱེད་ཚད་ན་ནིང་གི་དུས་མཉམ་གྱི་ཆུ་ཚད་ལས་མཐོ་རུ་ཕྱིན་ཡོད། 

རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་ཉི་མ་ཚེ་རིང་གིས་བཤད་རྒྱུར།  ད་ལོའི་ཚུན་དུ་བོད་ལྗོངས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དང་འཚམས་པའི་ལས་གནས་ཁྲི6ལྷག་གསར་སྤེལ་བྱས་ཡོད་པ་དང་།  ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་ཐད་ནས་བལྟས་ན།  བོད་ལྗོངས་སུ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་འཚམས་པའི་ལས་གནས་སྤྱི་འབོར་གདེང་ངེས་ཡོད་པ་དང་།  སྤྱི་ཟླ8པའི་ཟླ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་སུ་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་ཐོག་མར་ཐུབ་ཚད70%ཡན་ཟིན་རྩིས་ཡོད་ཟེར།