བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-23   རྩོམ་ཁུངས།    ཤིན་ཧ་དྲ་བ།


མཚོ་འགྲམ་དུ་བསྐྱོད་བཞིན་པའི་གཙོད་ཁྱུ།

ཉི་མ་རྫོང་རོང་དམར་ཤང་ཉེ་འགྲམ་གྱི་གཙོད་ཁྱུ།

རྩྭ་ཟ་བཞིན་པའི་གཙོད་ཁྱུ།

གཙོད་ཀྱི་རྭ་ཅོ།

ཉི་མ་རྫོང་རོང་དམར་ཤང་ཉེ་འགྲམ་གྱི་གཙོད།

2000ལོར་བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཕར་ཞིང་། ལོ20ཡི་རིང་ལ་བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྡེ་ཚན་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པའི་ནང་། གཙོད་ཀྱི་གྲངས་འབོར་སྔོན་ཆད་ཀྱི་ཁྲི5ནས་ཁྲི7བར་ཡོད་པ་ནས་ད་ལྟའི་ཁྲི15ཡན་ལ་སླེབས་ཡོད་པ་རེད། 

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁུལ་བོད་ལྗོངས་ཉི་མ་རྫོང་རོང་དམར་ཤང་གི་ཉེ་འགྲམ་དུ་མིག་སྔར་གཙོད་ཀྱི་གྲངས་འབོར་ཁྲི6ཙམ་ལ་སླེབས་ཡོད། །