བདེ་ཆེན་གྱི་ཡིག་གཟུཊ་བརྩམས་ཆོས་40ཁུལ་བཞིའི་མཉམ་འབྲེལ་འགྲེམས་སྟོན་ནང་ཞུགས་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་7ཚེས་19ཉིན་གྱི་ཕྱི་དྲོ་བདེ་ཆེན་ཁུལ་གྱིས་ཕུལ་བྱུང་བརྩམས་ཆོས་40བདམས་ནས་ཡུན་ནན་ནུབ་རྒྱུད་ཀྱི་ཁུལ་བཞི་དང་གྲོང་ཁྱེར(ཁྲུའུ་ཞུང་དང་། ཏ་ལི། ས་དམ། བདེ་ཆེན་)གྱི་ཡིག་གཟུགས་བརྩམས་ཆོས་ཀྱི་མཉམ་འབྲེལ་འགྲེམས་སྟོན་སྟེང་བསྐུར་ཞིང་། ཐེངས་འདིའི་ཡིག་གཟུགས་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་དེ་ཡུན་ནན་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དང་ཁྲུའུ་ཞུང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། 2020ལོའི་ཟླ་10པར་ཁྲུའུ་ཞུང་ལག་རྩལ་པའི་སློབ་གླིང་དུ་འགྲེམས་བྱ་རྒྱུ་ཡིན་པ་རེད། 

བདེ་ཆེན་ཁུལ་ཡིག་གཟུགས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ད་ལོའི་ལོ་འགོར་ཚོགས་མི་ཡོངས་སྒྲིག་འཛུགས་བྱས་ནས་གསར་རྩོམ་བྱས་ལ། ལོ་ཕྱེད་ཀྱི་དུས་ཚོད་ནང་བརྩམས་ཆོས་100ལྷག་ཙམ་འཚོལ་བསྡུ་དང་འདེམས་གསེས་ཞིབ་ཚགས་བྱས་པ་བརྒྱུད། མཐར་ཕུལ་བྱུང་བརྩམས་ཆོས་40བདམས་ནས་ཐེངས་འདིའི་མཉམ་འབྲེལ་འགྲེམས་སྟོན་ནང་ཞུགས་པ་རེད། བརྩམས་ཆོས་ནང་བོད་ཡིག་དང་།  སྟོན་པའི་ཡི་གེ ལི་སུའུ་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་ཡིག་གཟུགས་བརྩམས་མང་པོ་ཡོད་པ་རེད།