ཁུལ་ཨུ་དང་ཁུལ་སྲིད་གཞུང་བརྟག་ཞིབ་ཚོ་ཆུང་གིས“ལམ་གཉིས”འཛུགས་སྐྲུན་ལ་ཆེད་དོན་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཟླ7པའི་ཚེས15ཉིན།ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་ཁུལ་དཔོན་ཆི་ཅན་ཞིན་གྱིས་འབྲེལ་ཡོད་སྡེ་ཁག་རུ་སྣེ་ཁྲིད་དེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ཡུལ་དངོས་སུ་བསྐྱོད་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མ་འཇོག་གི་འགག་རྩ་འདི་དམ་པོར་བཟུང་ནས། ཕན་ཡོད་ཀྱི་ཨར་ལས་དུས་ཚོད་དམ་འཛིན་བྱས་ནས་གཙོ་གནད་རྣམ་གྲངས་ཁག་གི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕན་ཡོད་ཀྱི་ཨར་ལས་དུས་ཚོད་དམ་འཛིན་བྱས་ནས་གཙོ་གནད་རྣམ་གྲངས་ཁག་གི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་། རྨང་གཞི་བརྟན་དུ་གཏོང་བ། མ་འཇོག་བརྟན་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྲུང་སྐྱོང་གཉིས་”ལག་བསྟར་དང་“བརྟན་ལྷིང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ལ་འགན་འཁྲི་ཧ་ཅང་ཆེན་པོ་འཁུར་བ་དང་རང་འཁྲིའི་ལས་ཀར་འགན་འཁྲི་འཁུར་ཕོད་པ་མཚོན་ཡོད་ཅེས་ནན་གྱིས་བསྟན་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་བབས་ཚིགས་སུ་བརྟག་ཞིབ་གནང་སྐབས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་བབས་ཚིགས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲུ་ཁའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཆར་འགོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཕུགས་ལ་དམིགས་པ་དང་། སྔོན་བརྒལ་ཇུས་འགོད། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་སེམས་ཀྱི་ཉི་ཟླའི་ས་ཚིགས་དེ་“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་”སྣང་བརྙན་གྱི་སྐར་ཁུང་ཞིག་ཏུ་སྐྲུན་གང་ཐུབ་བྱེད་དགོས། ས་མཐོའི་གནམ་གཤིས་དང་། མི་རིགས་ཀྱི་རིག་གནས། ས་གནས་ཀྱི་ཁྱད་ཆོས། ལྗང་འགྱུར་མཛེས་འགྱུར། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས། བླང་བྱ་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས།