ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་གནས་སྐོར་ཚོང་ར་སླར་གསོ་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-21   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        གསར་འགོད་པས་བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི833ལྷག་ལ་སླེབས་ཡོད་དེ། རྒྱལ་ཡོངས་ཀྱི་གནས་སྐོར་ཚོང་རའི་སླར་གསོ་བྱེད་ཚད་ཁྲོད་ཨང་དང་པོ་ཟིན་ཡོད། ལྷག་པར་དུ་ཟླ5བ་དང་ཟླ6པའི་རིང་ལ། བོད་ལྗོངས་ཀྱི་གནས་སྐོར་བྱེད་ཚད་རྒྱལ་ཡོངས་ནས་ཐོག་མར་འཕར་སྣོན་བྱུང་བ་མངོན་འགྱུར་བྱས་པ་དང་། དུས་མཉམ་ལས27.04%དང36.86%འཕར་ནས། འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་ཡོད།  །