མཛེས་པའི་ཡུལ་ལྗོངས་ཁྲོད་བྱ་སྤྱོད་འདི་དག་ཡོད་ན་མི་འགྲིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནོར་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་ནས་གྲོང་མིའི་སྤྲོ་གསེང་བྱ་ཡུལ་འབོར་ཆེན་ཞིག་བསྐྲུན་ཡོད་དེ།  དཔེར་ན་ཀླུ་ཆུ་སྤྱི་གླིང་དང་ཤམ་བྷ་ལ་སྤྱི་གླིང་སོགས།གྲོང་ཁྱེར་ནང་གི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་གྱི་བྱེད་ནུས་ཀྱང་འཐུས་ཚང་དུ་བྱུང་ཡོད།  དེ་བཞིན་གྲོང་ཁྱེར་གྱི་ཡུལ་ལྗོངས་དང་ཁོར་ཡུག་ཀྱང་ཇེ་མཛེས་སུ་གྱུར་ཡོད།དབྱར་ཁ་སླེབས་ནས་གྲོང་མི་མང་པོས་དགོང་ཟ་བཟས་རྗེས་སམ་ཡང་ན་གཟའ་མཇུག་དང་གུང་གསེང་སྐབས་སུ་ཁྱིམ་སྒོ་ནས་ཕྱིར་ཐོན་ཏེ་སྤྲོ་གསེང་དུ་སོང་ཡོད།

    ཡིན་ནའང་། གྲོང་ཁུལ་དུ་རླངས་འཁོར་གང་སར་བཞག་པ་དང་གད་སྙིགས་གང་བྱུང་དུ་དབྱུག་པ།  སྤྱི་པའི་སྒྲིག་བཀོད་ལ་གཏོར་བརླག་གཏོང་བ། གློག་དམར་བརྒལ་བ་སོགས་མི་ལེགས་པའི་བྱ་སྤྱོད་འགའ་ཡང་ཡང་བྱུང་ཡོད་ལ།  གྲོང་ཁྱེར་གྱི་རྣམ་པ་ལ་དམའ་འབེབས་བྱས་ཡོད།

    ཀླུ་ཆུ་སྤྱི་གླིང་དང་མི་རིགས་ཟློས་གར་ཁང་གི་ཐང་ཆེན། ཤམ་བྷ་ལ་སྤྱི་གླིང་སོགས་སུ་གྲོང་མི་འགའ་རེ་ཡིས་རྩྭ་ཐང་དུ་ཉལ་བ་དང་། འགའ་རེ་ཡིས་ལྷམ་ཕུད་དེ་རྐང་པ་སྡོང་བའི་སྟེང་བཞག་ནས་ཉི་མ་སྲོ་བ། འགའ་རེ་ཡིས་རྩྭ་ཐང་སྟེང་བསྡད་ནས་ཤིང་ཏོག་དང་སིལ་ཟས་སོགས་བཟས་རྗེས་གད་སྙིགས་གང་རུང་དུ་དབྱུག་འདུག

    ཉེ་བའི་ཉིན་ཤས་རིང་།  ཀླུ་ཆུ་སྤྱི་གླིང་དུ་ཉ་འཛིན་རྒྱུར་དགའ་པོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།མ་གཞི་ནས་རྒྱ་མི་ཆེ་བའི་ཆུ་འགྲམ་དུ་ཉ་འཛིན་མཁན་མང་པོ་ཡོད། ཉ་འཛིན་པའི་བར་ཆོད་ཀྱི་བར་ཐག་སྨི་བཅུ་ཙམ་ལས་མེད།མང་ཆེ་བས་ཉ་འཛིན་ཡོ་བྱད་དང་ཉ་ཟན་གྲ་སྒྲིག་བྱས་ཡོད། འགྲམ་གྱི་ཉ་འཛིན་མི་ཆོག་པའི་དྲན་སྐུལ་བྱང་བུ་མཐོང་ཡང་མ་མཐོང་པར་བྱས།

    གློག་དམར་བརྒལ་བ་དང་རང་དགར་སྒྲོམ་སྐྱོར་བརྒལ་བ།འཁོར་རིགས་འགྲོ་སྐྱོད་བྱེད་སྐབས་རྐང་ཐང་བ་ལ་གུས་ཞབས་མེད་པ་སོགས།

    མི་འགྲོ་སའི་ལམ་གང་བྱུང་དུ་སྤྱོད་དེ་གང་བྱུང་དུ་ཅ་ལག་སོགས་བཞག་པ།གད་སྙིགས་བླུགས་སྣོད་ནང་མི་བླུགས་པ་དང་གང་སར་དབྱུག་པ་སོགས།

    འདིར་ཚང་མ་ལ་ང་ཚོའི་འཚོ་བ་སྐྱེལ་པའི་ཁོར་ཡུག་ཇེ་ལེགས་དང་ཇེ་སྐྱིད་དུ་གྱུར་བ་དང་ཆབས་ཅིག  མི་ལེགས་བའི་བྱ་སྤྱོད་དེ་དག་དོར་ནས་གྲོང་ཁྱེར་འདི་དེ་བས་མཛེས་ཤིང་སྡུག་པར་སྐྲུན་རོགས་ཞེས་འབོད་སྐུལ་བྱ་རྒྱུ་ཡིན།