པར་རྙིང་གསུམ་ལས་བདེ་ཆེན་གྱི་འཕོ་འགྱུར་མཚོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-17   རྩོམ་ཁུངས།    云南发布


    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད།བདེ་ཆེན་ནི་བདེ་བ་ཆེན་པོའི་དོན་ཡིན། གནས་འདི་ནི་ཆུས་གསུམ་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས།དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་།ཤིན་ཧྭ་གསར་འགྱུར་ཁང་གིས་བདེ་ཆེན་ཁུལ་གྱི་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་འདྲ་པར་ཁག་གཅིག་བརྒྱབ་ཡོད།ད་ལྟ་ང་ཚོས་འདྲ་པར་རྙིང་བ་གསུམ་བདམས་ནས་སྐབས་དེ་དུས་པར་བརྒྱབ་པའི་ས་གནས་ལ་གཞིགས་ནས་བསྐྱར་དུ་བཅར་འདྲི་བྱེད་སྐབས།ས་དེ་གར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།