བོད་ལྗོངས་སུ་བསྐྱོད་པའི་མཐོང་ཐོས།༼ ༢ ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2019ལོའི་ཟླ9པའི་ཚེས24ཉིན་ནས་ཟླ10པའི་ཚེས8ཉིན་བར།ང་རང་ཁྱིམ་མི་དང་མཉམ་དུ་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད། ལམ་བར་དུ་ཆབ་མདོ་དང་། ཉིང་ཁྲི། ལྷ་ས། གཞིས་ཀ་རྩེ། རྒྱལ་རྩེ། ལྷོ་ཁ་སོགས་བརྒྱུད་དེ་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་བརྒལ་ལ། ཧོར་ལ་དང་། ཨུ་ལ། གདོང་མདའ། གསེར་བྱ་ལ་སོགས་གངས་རི་བརྒལ་ནས་ལེ་བར་སྤྱི་ལེ4736བསྐྱོད་ཅིང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་རང་བྱུང་མཛེས་ལྗོངས་མཚོན་པའི་པར་རིས་སྟོང་ལྷག་བླངས་པ་ཡིན། གཤམ་ནས་པར་རིས་ཁ་ཤས་བདམས་ཏེ་ཚང་མའི་སྤྱན་ལམ་དུ་འབུལ་བར་བྱ།

    བོད་ལྗོངས་ནི་མཚོ་བོད་ས་མཐོའི་ལྷོ་ནུབ་རྒྱུད་དུ་གནས་ལ།འཛམ་གླིང་གི་ཡང་རྩེ་ཞེས་འབོད་སྲོལ་ཡོད།གནས་འདི་ན་མི་ཆོས་དང་རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད།

     ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕོ་བྲང་དང་། མཁར་རྫོང་། དགོན་སྡེ་བཅས་གཞི་གཅིག་ཏུ་འདུས་པའི་བརྗིད་ཆེའི་འཛུགས་སྐྲུན་ཞིག་ཡིན་ལ།བོད་ཀྱི་རྒྱ་ཆེ་ཤོས་དང་ཆ་ཚང་ཤོས་ཀྱི་གནའ་བོའི་ཕོ་བྲང་གི་འཛུགས་སྐྲུན་ཞིག་ཀྱང་ཡིན།1961ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་བཀོད་པ་དང་། 1994ལོའི་ཟླ་12པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་བཀོད་པ།2013ལོའི་ཟླ་1་པོར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་AAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བཀོད་ཡོད།

ཆུ་ཤུར་ཞིང་སྡེའི་མཛེས་ལྗོངས། ཆུ་ཤུར་རྫོང་ནི་བོད་ཀྱི་དབུས་རྒྱུད་དང་། ལྷ་ས་སྐྱིད་ཆུའི་སྨད་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་བཅས་ཀྱི་བྱང་ངོགས་སུ་ཆགས་ཡོད།

ཡར་འབྲོག་གཡུ་མཚོའི་ཞོགས་པའི་མཛེས་ལྗོངས།

བདེ་མོ་ལ་རི་འདབས་ཀྱི་མཛེས་ལྗོངས།གནས་འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཁོངས་སུ་ཡོད།

མཛེས་ཤིང་ལྟ་ན་སྡུག་པའི་རྫ་ཡུལ་གྱི་མཛེས་ལྗོངས།

བརྗིད་ཉམས་ལྡན་པའི་བོད་ལྗོངས་ཚ་བ་ལུང་གི་རྒྱལ་མོ་རྔུལ་ཆུའི་གྲོག་རོང་ཆེན་མོ།