མཐོ་སྒང་དུ་གནས་པའི་དོམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


    ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར་གསར་འགོད་པ་གྲོང་གསེབ་ཏུ་བཅར་འདྲི་འགྲོ་བའི་ལམ་བར་དུ། ས་བབ་མཐོ་ཚད་སྨི4500ཟིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཉེ་འགྲམ་གྱི་རྩྭ་ཆུ་འཛོམས་པའི་རི་ལྡེབས་ཞིག་ཏུ་པར་ལེན་སྐབས་དོམ་མ་ཞིག་གིས་ཉི་འོད་འོག་དོམ་ཆུང་གསུམ་ལ་ནུ་མ་ལྡུད་བཞིན་ཡོད་པ་དང་། དོམ་མས་ནུ་མ་བླུད་རྗེས་དོམ་ཕྲུག་ཆུང་ཆུང་གསུམ་པོ་ཁྲིད་ནས་རི་གསེབ་ཏུ་བསྐྱོད་པ་མཐོང་།

    སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པས། ས་ཁོངས་ནང་སྐར་ཚོགས་ལྟར་ཁྱབ་པའི་མཐོ་སྒང་གི་མཚེའུ་དང་རྩྭ་ཆུ་འཛོམས་པའི་འདམ་ར་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྲུང་ཡོལ་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད། །