བདེ་ཆེན་གྱི་ནུས་ཆེའི་ནས་ཀྱི་འདེབས་འཛུགས་ལ་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར་ཞིང་ཆེན་སྲིད་གཞུང་གིས《2019ལོའི་ལོ་འཁོར་གྱི་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་གཏན་འབེབས》ཡོངས་བསྒྲགས་བྱས་པ་རེད།  དེའི་ནང་བདེ་ཆེན་ཁུལ་ཞིང་ལས་ཚན་རྩལ་ཁང་དང་། སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་མ་རྐང་ཚད་ཡོད་ཀུང་སི། བདེ་ཆེན་སེམས་ཀྱི་ཉི་ཟླ་ནས་འབྲུ་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་ལེགས་སྒྲུབ་བྱས་པའི་ཡུན་ནན་བདེ་ཆེན་བོད་ཁུལ་གྱི་ནུས་ཆེའི་ནས་ཀྱི་འདེབས་འཛུགས་དང་ཐོན་ལས་ཅན་གྱི་དཔེ་སྟོན་ལག་རྩལ་ཕྱོགས་བསྡུས་ཀྱི་གྲུབ་འབྲས་ལ་ཡུན་ནན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

    ཡུན་ནན་བདེ་ཆེན་བོད་ཁུལ་གྱི་ནུས་ཆེའི་ནས་ཀྱི་འདེབས་འཛུགས་དང་ཐོན་ལས་ཅན་གྱི་དཔེ་སྟོན་ལག་རྩལ་ཕྱོགས་བསྡུས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་ལོ་4སོང་ཚུན། ཐོན་མཐོ་སྤུས་ལེགས་ཀྱི་ནས་སོན་གསར་པ་བསྡུ་རུབ་དང་། འདྲེན་སྤེལ། འདེམས་གསོ། གསོ་སྤེལ། དཔེ་སྟོན་ཁྱབ་གདལ་བཅས་བྱས་ཡོད་ཅིང་། ནུས་ཆེའི་འདེབས་གསོའི་ལག་རྩལ་འདུས་གྲུབ་དང་ཁྱབ་གདལ་བཏང་ཡོད།《བདེ་ཆེན་ཁུལ་གྱི་སྤྱི་གནོད་མེད་པའི་ནས་འབྲུའི་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ》བཟོས་ནས་ཚན་ཞིབ་དང་། རྟེན་གཞི། ཁེ་ལས་བཅས་ཟུང་དུ་འབྲེལ་བའི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལམ་སྲོལ་དང་དེ་བཞིན་སྤུས་ཚད་དོ་དམ་མ་ལག་དང་ཁྲོམ་རའི་དྲ་རྒྱའི་མ་ལག་བཙུགས་ཡོད། ནས་ཀྱི་འཐུང་ཆུ་དང་ནས་ཀྱི་ཟས་རིགས་གསར་སྤེལ་བྱས་ནས། གསར་གཏོད་ཀྱི་ཆེད་ལས་ཁེ་དབང3དང་ཕྱི་ཚུལ་ཇུས་འགོད་ཀྱི་ཆེད་ལས་ཁེ་3དབང་གྲུབ་ཡོད་ལ།   ཞིང་ཆེན་རིམ་པའི་ཁེ་ལས་ཀྱི་ཚད་གཞི་4བཟོས་ཡོད་པ་མ་ཟད་ཐོ་འགོད་སྙན་སེང་ཡང་ཞུས་ཡོད། ཚན་རྩལ་དཔྱད་རྩོམ་5སྤེལ་ཡོད། བོད་ཀྱི་གསང་བ་ཞེས་པ་དང་དྲི་ཞིམ་གནས་ཤིག་ཞེས་པའི་སྤུས་རྟགས་ལ་ཡུན་ནན་ཞིང་ཆེན་གྱི་གྲགས་ཅན་ཚོང་རྟགས་ཐོབ་པ་དང་བོད་ཀྱི་ནས་ཆང་སྐམ་པོ་ལ་ཡུན་ནན་གྱི་གྲགས་ཅན་སྤུས་རྟགས་ཐོན་རྫས་ཀྱི་མཚན་སྙན་ཐོབ་ཡོད།

    2016ལོ་ནས་བཟུང་ཁུལ་ཚན་རྩལ་ཅུས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས། ཁུལ་ཡོངས་ཀྱི་ཚན་རྩལ་མི་སྣའི་གསར་གཏོད་གསོན་ཤུགས་ལ་སྐུལ་སྤེལ་དང་། གསར་གཏོད་ཀྱི་ངང་ཚུལ་ཟབ་མོ་ཡོང་བ་གཙོ་གནད་དུ་བཟུང་ནས། 《ཡུན་ནན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་ཐབས》ལག་བསྟར་དོན་འཁྱོལ་བྱས་ནས་ཚན་རྩལ་བྱ་དགའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་རེ་ཞུའི་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱབ་ཡོད། 

    ཡུན་ནན་བོད་ཁུལ་གྱི་སྤུས་ལེགས་ཆང་སྙོལ་རྒུན་འབྲུམ་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད།  ཡུན་ནན་བདེ་ཆེན་བོད་ཁུལ་གྱི་ནུས་ཆེའི་ནས་ཀྱི་འདེབས་གསོ་དང་ཐོན་ལས་ཅན་གྱི་དཔེ་སྟོན་ལག་རྩལ་ཕྱོགས་བསྡུས་སོགས་ཚན་རྩལ་གྲུབ་འབྲས་4ལ་ཞིང་ཆེན་རིམ་པའི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་པ་དང་ཆ་སྙོམས་བྱས་ན་ལོ་རེར་ཚན་རྩལ་གྲུབ་འབྲས་1ལ་ཞིང་ཆེན་རིམ་པའི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་ཡོད་པ་རེད།