ཟླ་བདུན་པའི་ཀན་ལྷོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཟླ་བདུན་པའི་ཀན་ལྷོ་ནི་གསེར་ཆེན་མེ་ཏོག་གི་རྒྱ་མཚོ་ཞིག་དང་འདྲ་སྟེ། བསིལ་རླུང་འཇམ་པོས་མེ་ཏོག་རེ་རེར་བྱིལ་བྱིལ་བྱེད་པ་ནི་རྒྱ་མཚོའི་རླབས་ཕྲེང་རེ་རེར་ཉི་ཟེར་ཕོག་པ་དང་ཡོངས་སུ་མཚུངས། མཐོན་མཐིང་མཁའ་དབྱིངས་ཀྱི་སྤྲིན་དཀར་ཕུང་ཕུང་དག་གིས་མི་རྣམས་ཀྱི་ཚ་བའི་གདུང་བ་སེལ་ཏེ། འདི་ནི་ལྷ་ཡི་ཡུལ་ལམ་སྒྱུ་མའི་རྨི་ལམ། ཡང་ན་རི་མོ་མཁན་གྱི་པུར་ལས་བྱུང་ངམ་འཕྱང་མོ་ཉུག མི་རྒན་ཚོ་དཀྱིལ་དྲུང་དུ་བསྡད་དེ་རྒྱང་ལྟ་བྱ་དུས། བྱིས་པ་ཚོ་གསེར་གྱི་ཕྲ་རྒྱན་ཐོར་འདྲའི་སྤང་ལྗོངས་སྔོན་མོ་འདིའི་སྟེང་དུ་དྲི་མེད་དགའ་བའི་རྩེད་མོར་གཡེང་བས། དུས་བཟང་སྐལ་བ་འདི་འདྲར་ཉམས་སུ་མྱོང་བ་བསྐྱུར་བར་སེམས་ཚེགས་བྱས་ནའང་། རྒྱང་རིང་ནས་ཨ་རྩེར་གོར་མོ་གྲུ་གུ་བསྒྲིལ་འདྲའི་དམངས་གླུ་རྣ་ལ་བདེ་བ་ཞིག་རླུང་གི་རྒྱུ་ཕྱོགས་དང་བསྡོངས་ནས་ཡུན་གྱིས་གྲགས་པ་དེས་ཡིད་སེམས་རང་དབང་མེད་པར་ཕྱོགས་སུ་ཤོར། ཟླ་བདུན་པའི་ཀན་ལྷོ་རུ་རང་བྱུང་ཁམས་ལ་མཛེས་བའི་བཀྲག་མདངས་འཚེར་ཞིང་། སྲོལ་རྒྱུན་ཤེས་རིག་གི་དྲི་མ་ཡལ་བའི་མི་རྣམས་ཀྱིས་ནི་སྐབས་འགར་དགའ་བའི་གར་སྟབས་བསྒྱུར་ཞིང་། སྐབས་དགའ་བརྩེ་བའི་གླུ་ངག་བཀྲོལ་བས་ཡུལ་གྲུ་གཞན་གྱི་མི་རྣམས་ཀྱིས་ལྗོངས་རྒྱུའི་གནས་མཆོག་དང་པོར་བརྩི་བཞིན་ཡོད།