སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ཆེས་རིང་བའི་ཕུག་ལམ་ཤར་གཏོང་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཟླ7པའི་ཚེས3ཉིན། ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆེས་རིང་བའི་ཕུག་ལམ་ཤར་གཏོང་བྱས་པ་དེས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལོ་མཇུག་ཏུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པ་མ་ཟད། ཡུན་ནན་གྱི་ས་བབ་ཆེས་མཐོ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཀྱང་ཡིན། གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ140.305དང་ ། ལམ་ཐིག་གཙོ་བོའི་རིང་ཚད་སྤྱི་ལེ124.55ཡོད། ཁྲང་ཀེ་ལུའོ་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི4625ཡོད་ལ ། དེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྟག་མཆོང་གྲོག་རོང་གྲོང་རྡལ་ཏེ། སེམས་ཀྱི་ཉི་ཟླ་ནས་ས་དམ་་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་དང་ཉམས་ཞན་ཁུལ་དུ་གནས་ཤིང་། གྲོག་རོང་གི་ཆེས་གཏིང་ཟབ་སར་སྨི463ཙམ་དང་གཙོ་བོ་རིམ་པVཅན་གྱི་བསྐོར་རྡོ་ཡིན། ལས་གྲྭའི་ས་གཤིས་ཆ་རྐྱེན་ཤིན་ཏུ་ཞན་པས་སེམས་ཀྱི་ཉི་ཟླ་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན།

     ཕུག་ལམ་ཨར་ལས་ཀྱི་བདེ་འཇགས་དང་སྤུས་ཚད་ཚོད་འཛིན་ཐུབ་པར་འགན་ལེན་བྱ་ཆེད། ཨར་ལས་བྱེད་རིང་རྣམ་གྲངས་པུའུ་ཡིས་ཨར་ལས་ཇུས་གཞི་ཡང་ཡང་ཇེ་ལེགས་སུ་བཏང་ནས་ས་གཤིས་བསྐོར་རྡོ་ཉུང་ཞིང་། ས་གཞིའི་ལྡོག་ཤུགས་ཆེ་བ། ཆུ་མང་པོ་རྒྱས་བ་དང་ཐེངས་མང་པོར་ཉིལ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་སྤུས་འབོར་གཉིས་ལྡན་དང་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཕུག་ལམ་གྱི་ཨར་ལས་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།