ལྔ་ལོར་གསར་པ་ཞིག་འདོན་གྲབས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-10   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

      ཀྲུང་གོ་མི་དམངས་དངུལ་ཁང་གིས་2020ལོའི་ཟླ་11ཚེས་5ཉིན་ནས་བཟུང་། 2020ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ལྔ་པའི་སྒོར་5ཡི་མི་དམངས་ཤོག་སྒོར་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་འདུག 

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ལྔ་པའི་སྒོར་5ཡི་མི་དམངས་ཤོག་སྒོར་དང་2005ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ལྔ་པའི་སྒོར་5ཡི་མི་དམངས་ཤོག་སྒོར་བསྡུར་ན། དངུལ་ལོར་གྱི་ཆེ་ཆུང་དང་། རི་མོ། ཚོན་མདོག “ཀྲུང་གོ་མི་དམངས་དངུལ་ཁང”གི་དངུལ་ཁང་གི་མིང་། རྒྱལ་རྟགས། ལོང་ཡིག མི་རིགས་ཀྱི་ཡི་གེ་སོགས་གཅིག་མཚུངས་ཡིན་པ་དང་། མི་འདྲ་བའི་ཆ་ནི་དངུལ་ལོར་གྱི་གྲུབ་ཆའི་བམ་རིམ་དང་ནུས་འབྲས་ལེགས་སུ་བཏང་ཡོད་ལ། རྫུན་འགོག་གི་ནུས་པ་ཆེ་རུ་བཏང་འདུག

(མདུན་ངོས)

(རྒྱབ་ངོས)