སེམས་ཀྱི་ཉི་ཟླ་ནས་སི་ཁྲོན་འདབ་པ་རྫོང་བར་དུ་གཞུང་ལམ་བཟོ་འཆར་ཡོད།

རྩོམ་པ་པོ།   འདྲ་པར། པའེ་ཏུའུ།  ཡིག་བསྒྱུར།       དུས་ཚོད།   2020-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ་7པའི་ཚེས་6ཉིན། ཡུན་ནན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིསཡུན་ནན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཡུལ་འདེམས་པའི་བསམ་འཆར་ཡི་གེའི་ཆོག་མཆན་མ་བཀོད་གོང་གི་ཡོངས་བསྒྲགས(2020014)བཀྲམས་ཤིང་དེའི་ནང་ཁྲང་ཧྲུའེ་གནམ་ཐང་ནས་ཧྲོང་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་དང་།   སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ(སེམས་ཀྱི་ཉི་ཟླའི་ལམ་དུམ)འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་གནས་ཡུལ་འདེམས་རྒྱུར་མོས་མཐུན་བྱུང་ཡོད་ཅིང་། འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཡུལ་འདེམས་རྒྱུའི་སྐོར་གྱི་བསམ་འཆར་ཡི་གེདཔྱད་སྤྲོད་ཀྱང་བྱས་ཡོད། 

    འབྲེལ་ཡོད་གཏན་འབེབས་ལྟར་ལས་གྲྭའི་འཆར་འགོད་ཀྱི་གནས་བདམས་ཏེ་ཆོག་མཆན་མ་བཀོད་གོང་གི་སྤྱི་བསྒྲགས་དུས་ཡུན་ནི་2020ལོའི་ཟླ་7པའི་ཚེས་6ཉིན་ནས་ཟླ་7པའི་ཚེས་10ཉིན་བར་ཡིན་ཞིང་།  ལས་ཁུངས་དང་མི་སྒེར་གང་རུང་ལ་བསམ་འཆར་མི་མཐུན་པ་ཡོད་ན། སྤྱི་བསྒྲགས་དུས་ཡུན་ནང་དུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ལ་ཡར་ཞུ་བྱས་ཆོག

     སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ་་(སེམས་ཀྱི་ཉི་ཟླའི་ལམ་དུམ) འཛུགས་སྐྲུན་རྣམ་གྲངས།

        རྣམ་གྲངས་འཆར་འགོད་ཀྱི་གནས་ཡུལ་འདེམས་པ།   འོས་སྦྱོར་ཇུས་གཞིའི་འགོ་འཛུགས་ས་དེ་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཟངས་རྟའི་དངུལ་སྒྲུག་སའི་ཕྱོགས་ཡིན་པ་རེད།  ལམ་རྒྱུད་དེ་ཞིང་ཆེན་གཞུང་ལམ་S224ཤར་ཕྱོགས་སུ་བསྲིངས་རྒྱུ་ཡིན་ལ།  སྐད་ཚག་དང་ཕུ་ཧྲང་སོགས་བརྒྱུད་ནས་སི་ཙི་ཀུང་(སི་ཁྲོན་གྱི་S216ལམ་ཐིག་K165+000གནས་ཡུལ)ནས་མཇུག་བསྡུ་རྒྱུ་རེད།

    རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་དང་གཞི་ཁྱོན།    འོས་སྦྱོར་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་136.318ཡོད་པ་རེད། དེའི་ནང་སྔར་ཡོད་ཀྱི་ལམ་རྙིང་བསྐྱར་སྐྲུན་ལམ་དུམ་སྤྱི་ལེ་50.93ཡོད་པ་དང་དེ་བྱིངས་ཀྱི་སྤྱི་ལེ་85.388ཚང་མ་གསར་སྐྲུན་བྱ་རྒྱུ་རེད། 

    ལམ་ཐིག་ཧྲིལ་པོར་ཟམ་པ་1183m/17ཅན་འཛུགས་རྒྱུ་ཡིན་ལ།    ཕུག་ལམ་3604m/4ཅན་འཛུགས་རྒྱུ། ངོས་སྙོམས་སྣོལ་བའི་གནས་43བཀོད་སྒྲིག་བྱ་རྒྱུ།   ཕུག་ལམ་གྱི་དོ་དམ་བདག་སྐྱོང་སྒྲིག་བཀོད་1གསར་སྐྲུན་བྱ་རྒྱུ།   ལྗོངས་གཟིགས་སྟེགས་བུ་8དང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་སའི་ས་ཚིགས་4འཛུགས་རྒྱུ་རེད། 

    རྣམ་གྲངས་དེས་ཡུན་རིང་ས་ཆ་བཟུང་ཚད་ཁྱོན་མུའུ་4634.37(ཁྱོན་སྤྱི་ཆིང་308.958)ཟིན་རྒྱུ་ཡིན་ཞིང་།

    མ་དངུལ་སྒོར་ཁྲི་321768.9932གཏང་རྒྱུ་རེད།