བདེ་ཆེན་གྱི་མཐོ་རྒྱུགས་བར་སྐབས་སུ་མངོན་པའི་བརྩེ་བ་དྲོན་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟྒའི་བོད་ཡིག་དྲ་བ།

      ཟླ་7ཚེས་7ཉིན་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཟླ་གཅིག་རིང་འགོར་འགྱངས་བྱས་པའི་མཐོ་རྒྱུགས་གཞི་ནས་འགོ་བརྩམས་བྱུང་།བདེ་ཆེན་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་2000ལྷག་རྒྱུགས་རར་བསྐྱོད་ནས་ལོ་12རིང་བསླབས་པའི་ཤེས་བྱ་དེ་ལང་ཚོའི་རྒྱུགས་ཤོག་ཐོག་འབྲི་བའི་ལས་ལ་བྲེལ་ཡོད།  མཐོ་རྒྱུགས་ཀྱི་བར་གསེང་དུ་བརྩེ་བའི་སྣང་བརྙན་མང་པོ་ཞིག་ཁྱབ་ཡོད་པ་སྟེ།

     ཞོགས་པའི་ཆུ་ཚོད་དྲུག་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པ་སྔ་ས་ནས་ཡིག་རྒྱུགས་གཏོང་སའི་ལམ་དུམ་དུ་བསྐྱོད་དེ་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་ཡོད། སློབ་གྲྭའི་སྒོ་མདུན་དུ་སྨན་བཅོས་འགན་ལེན་མི་སྣས་སྒྲོག་རྩེ་དང་རྐུབ་བཀྱག་དང་དུག་སེལ་མཁོ་ཆས་བསྒྲིགས་ནས་རྒྱུགས་སྤྲོད་སློབ་མ་དང་ཡིག་རྒྱུགས་ལས་དོན་མི་སྣ་བདེ་འཇགས་ངང་རྒྱུགས་རར་བསྐྱོད་པར་སྒུག་ཡོད།

    མགྲོན་ཁང་ནང་ཞག་འདུག་བྱས་ཡོད་པའི་རྒྱུགས་སྤྲོད་སློབ་མ་བློ་བཟང་གཡང་འཛོམས་ཀྱིས་སྔ་ས་ནས་ཁ་ངོ་བཀྲུས་ཚར་བ་དང་འགྲུལ་སྐྱེལ་རླངས་འཁོར་ལ་བསྒུགས་ནས་བསྡད་ཡོད།ཁོ་མོས་མགྲོན་ཁང་གི་ཆ་རྐྱེན་ཧ་ཅང་བཟང་ཞིང་། ང་ཚོས་ནུས་ཤུགས་ཡོད་རྒུས་ཡིག་རྒྱུགས་གྲ་སྒྲིག་བྱེད་པར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།ཕ་མ་གཉིས་གམ་དུ་མེད་ཀྱང་། གནས་འདི་ནས་ངས་དྲོ་སྐྱིད་ཀྱི་རྣམ་པ་ཞིག་ཚོར་ཐུབ་པས་བློ་བདེ་པོའི་ངང་རྒྱུགས་སྤྲད་ཆོག་ཟེར། 

    ཁུལ་སློབ་གསོ་ལུས་རྩལ་ཅུས་འགན་འཁུར་མི་སྣས་བཤད་ན་རྒྱུགས་སྤྲོད་སློབ་མས་བདེ་ཐང་དང་བདེ་འཇགས་ངང་རྒྱུགས་སྤྲོད་བྱ་ཆེད།  ང་ཚོས་ཆུ་ཚོད་24རིང་དགེ་རྒན་དང་སྨན་པ། སྤྱི་བདེ་མི་སྣ་བཅས་མངགས་ནས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་བཞིན་ཡོད་ཟེར།

     བློ་བཟང་གཡང་འཛོམས་དང་རྒྱུགས་སྤྲོད་སློབ་མ་གཞན་དག་ལས་དོན་མི་སྣའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་རླངས་འཁོར་ནང་ཞུགས་པ།

ད་ལོའི་མཐོ་རྒྱུགས་རིང་ཞིང་ཆེན་ནང་ཁུལ་གྱི་བདེ་ཆེན་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་རྒྱུགས་སྤྲོད་སློབ་མ་དང་སྤྱི་ཚོགས་ཐོག་གི་རྒྱུགས་སྤྲོད་སློབ་མ་195སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཅི་ནུས་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སིས་གཅེས་སེམས་རོགས་སྐྱོར་གནང་བའི་མགྲོན་ཁང་དུ་གཅིག་གྱུར་བཀོད་སྒྲིག་བྱས་ཡོད།རྒྱུགས་སྤྲོད་སློབ་མ་རྒྱུན་གཏན་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱུགས་སྤྲོད་ནང་ཞུགས་རྒྱུ་འགན་ལེན་བྱས་ཡོད།

      སློབ་གྲོགས་ཚོ། སེམས་འཚབ་མི་དགོས།ཁྱེད་ཚོས་རང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རོགས་ཅེས་ལོ་ངོ་དུ་མའི་རིང་རྒྱུགས་སྤྲོད་སློབ་མ་སྐྱེལ་མཁན་གྱི་ཁ་ལོ་བ་ཧུའུ་ཡུན་ཀྲིང་གིས་འགྲུལ་སྐྱེལ་རླངས་འཁོར་ནང་ཞུགས་པའི་སློབ་མ་རྣམས་ལ་ཁ་ཏ་སློབ་གསོ་རྒྱབ་ཡོད། 

      རྒྱུགས་རའི་ཕྱི་རོལ་དུ།རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་སོགས་འབྲེལ་ཡོད་དངོས་རྫས་ལ་ཞིབ་བཤེར་བྱེད་མཁན་གྱི་རྒྱུགས་དོན་མི་སྣ་དང་དེ་བཞིན་བདེ་སྲུང་བ་ཕུད།ད་དུང་སྨན་བཅོས་མི་སྣས་རྒྱུགས་སྤྲོད་སློབ་མ་ཚོར་ལུས་དྲོད་ཚད་འཇལ་དང་དུག་སེལ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།   སློབ་གྲྭའི་ནང་དུ་འབྲེལ་ཡོད་ལས་ཁུངས་ཀྱིས་སྐུད་མེད་གློག་འཕྲིན་གྱི་ལྟ་ཞིབ་ཚད་ལེན་རླངས་འཁོར་དང་།འཁྱེར་བདེའི་སྒྲིག་ཆས། སྐུད་མེད་གློག་འཕྲིན་གྱི་བདེ་འཇགས་འགན་ལེན་རླངས་འཁོར། ལས་བྱེད་མི་སྣ་སོགས་རྒྱུགས་སྤྲོད་ས་ཚིགས་སུ་སྐོར་ཞིབ་ཚད་ལེན་བྱེད་པར་མངགས་ནས་སྐུད་མེད་བརྡ་རྟགས་ལ་ལྟ་ཞིབ་ཚད་ལེན་དང་ཁ་ཕྱོགས་གཏན་འཁེལ་བྱས་ཡོད།སྐུད་མེད་བརྡ་རྟགས་བརྒྱུད་ནས་གཡོ་ལས་བྱེད་པར་སྔོན་འགོག་ནུས་ལྡན་བྱས་ཡོད།

      རྒྱུགས་སྤྲོད་སློབ་མ་རྣམས་རྒྱུགས་རའི་ནང་མ་ཞུགས་གོང་དགེ་རྒན་ཚོའི་སྨོན་འདུན་ལ་ཉན་ཞོར་མཐོ་རྒྱུགས་ལ་རྒྱལ་ཁ་ལོན་པར་ཤོག་ཅེས་སྐད་མཐོན་པོས་འབོད་ཅིང་།ཡིད་ཆེས་ཀྱིས་ཁེངས་བཞིན་རྒྱུགས་རར་བསྐྱོད་ཡོད།

       སུམ་རྩེན་རིག་གནས་ཡུལ་སྐོར་སོགས་གཅེས་སེམས་ཁེ་ལས་ཀྱིས་རྒྱུགས་སྤྲོད་སློབ་མ་རྣམས་ལ་ལྷད་མེད་ཟས་རིགས་དང་འཐུང་ཆུའི་རིགས་མཁོ་འདོན་བྱས་ཡོད་ཅིང་། རྒྱུགས་སྤྲོད་སློབ་མ་ཚོས་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་སྨོན་ཚིག་ཕུལ་ཡོད།  

       ཅོང་སྒྲ་གྲགས་པ་དང་བསྟུན་ནས།དུས་ཚོད་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ལ་སླེབས་སྐབས་2020ལོའི་མཐོ་རྒྱུགས་ཀྱི་རྒྱའི་སྐད་ཡིག་ཡིག་རྒྱུགས་ཐེངས་དང་པོ་དངོས་སུ་མཇུག་གྲིལ་བ་རེད། ཁུལ་མི་རིགས་སློབ་འབྲིང་ནས་ཡོང་ནས་སློབ་མ་ཧོ་རུན་ཤང་རྒྱུགས་ར་ནས་ཕྱིར་ཐོན་པ་དང་ཁོས་བཤད་ན་ད་ལོའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ལ་དོན་སྙིང་ཆེན་པོ་ལྡན་ཞིང་རང་གིས་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་བཟང་བོ་འདུག   ང་ནི་རྒྱུན་པར་སློབ་ཕྱིའི་དཔེ་ཆ་མང་པོ་ཀློག་པར་དགའ་བས་རྩོམ་ཡིག་འབྲི་དུས་དཀའ་ལས་ཆེན་པོར་ཐུག་མ་བྱུང་ཟེར།

       ཐོག་མའི་རྒྱུགས་ལེན་མཇུག་སྒྲིལ་བྱུང་།བདེ་ཆེན་ཁུལ་གྱི་རྒྱུགས་སྤྲོད་སློབ་མར་ཚ་བ་རྒྱས་པ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་གཅིག་ཀྱང་བྱུང་མེད།མཐའ་སྐོར་གྱི་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད།མཇུག་མཐར་རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ནས་རང་གི་ཕུགས་བསམ་གྱི་སློབ་ཆེན་དེ་འགྲིམས་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།