མྱི་ཟུར་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཡག་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     མྱི་ཟུར་གྲོང་ཚོ་ནི་མིང་དུ་གྲགས་པའི་གཙང་གསུམ་མཉམ་རྒྱུག་རང་བྱུང་ཤུལ་བཞག་རི་དམར་ཡུག་ཁུལ་གྱི་ལྟེ་བར་ཆགས་ཡོད་ཅིང་།   མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱིས་ཡུལ་འདི་ལ་འཛམ་གླིང་གི་སྐྱེ་ཁམས་གྲོང་ཚོ་དང་པོ་ཞེས་པའི་མཚན་སྙན་བསྩལ་ཡོད།  

        ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་ལ་འཕེལ་རྒྱས་ངེས་ཅན་བྱུང་ཡོད།   མྱི་ཟུར་གྲོང་ཚོའི་པད་གྲོང་ཚོ་ཆུང་གི་ཏང་ཡོན་ལི་ལི་ནི་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་པའི་ངོས་ཐད་ནས་ཁོ་མོས་ཏང་ཡོན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ཡོད་ལ།   མང་ཚོགས་རྣམ་པ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད་པ་མ་ཟད་ཀུན་གྱི་སྣེ་ཁྲིད་ནས་དེ་སྔའི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བཅོས་བྱས་ཡོད། ཞིང་དུད་མགྲོན་ཁང་གཉེར་བའི་བྱེད་ཐབས་བརྒྱུད་ཕན་པ་མི་ཉུང་བ་ཞིག་ཐོབ་ཡོད་པ་དང་དེས་གྲོང་ཚོ་ཡོངས་ཀྱི་ཞིང་དུད་གཞན་དག་ལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད།   མིག་སྔར་གྲོང་ཚོ་ཡོངས་ལ་ཞིང་དུད་མགྲོན་ཁང་9ཡོད་པ་དང་། མྱི་ཟུར་གྲོང་ཚོའི་མང་ཚོགས་ཚོས་དེ་སྔའི་གནམ་ཆུར་བརྟེན་ནས་འཚོ་ཐབས་བྱེད་པའི་རྣམ་པ་ལས་འགྱུར་ལྡོག་གཏོང་འགོ་ཚུགས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་འགོ་བཙུགས་ཡོད།