པདྨ་རི་བོའི་སྟེང་གི་སྟག་མའི་མེ་ཏོག

རྩོམ་པ་པོ།   ཁྲེང་ཀྲི་ཁའེ།  ཡིག་བསྒྱུར།       དུས་ཚོད།   2020-07-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



པདྨ་རི་བོར་སྟག་མའི་མེ་ཏོག་རྣམ་པར་བཞད་པ་ན།

 ཡིད་འོང་མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་ཁྱབ་ཅིང་།

 གངས་འདབ་ཀྱི་ནགས་ཀློང་འགྲིམས་པའི་བར་གསེང་ནས།

 དྲི་བསུང་སྣ་བརྒྱས་མི་རྣམས་མྱོས་པར་བྱེད།

  

དབྱར་གྱི་བསིལ་རླུང་འཇམ་པོ་ལྡང་བ་ན།

 སྟག་མའི་མེ་ཏོག་རྣམས་ཀྱིས་ལྡེམ་པའི་མགོ་ལྕོག་གཡོ།

 སྔོ་ལྗང་དཀར་དམར་གྱི་མེ་ཏོག་ཡོངས་སུ་བཞད་པས།

 ཡུལ་འདི་ནི་སྔར་ནས་ཚོན་མདོག་གི་ཞིང་ཁམས་ཤིག་ཏུ་གྲུབ་ཡོད།

  

དབྱར་དུས་ཀྱི་སྦྲང་ཆར་བསིལ་མ་ཤག་ཤག་བབས་པ་ན།

 པདྨ་རི་བོའི་མགུལ་དུ་སྨུག་སྤྲིན་ལང་ལོང་འཕྱུར་ཞིང་།

 ཆར་རྗེས་ཀྱི་ཉི་འོད་འཇམ་པོའི་འོག་ན།

 ཕྱེ་ལེབ་དང་བུང་བ་རྣམས་ནི་སྟག་མའི་མེ་ཏོག་ལ་ཆགས་ཤིང་རྩེན།

  

སྟག་མའི་མེ་ཏོག་གི་ཀློང་ནས།

 ཉམས་ཆུང་གི་སེམས་ལ་མཚར་སྣང་གང་རུང་སྐྱེས་ཆོག

 ཟང་ཟིང་གི་ལས་ཀའི་ཁྲོད་ནས།

 ཁྱོད་ཀྱིས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་དང་།

 བག་ཕེབས་ཀྱི་ཉམས་སྣང་ཞིག་ལ་རེ་ཡོད་དམ།

 སེམས་ཀྱི་ཉི་ཟླའི་མཛེས་སྡུག་རང་བྱུང་མཛེས་སྡུག་ལ་ཆགས་ན།

 གོམ་པའི་འདེགས་འཇོག་བསྒྱུར་ནས་ལྟད་མོ་བལྟ་རུ་ཕེབས་ཤོག