མཐོ་རྒྱུགས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་གི་ལམ་འགར་བཀག་སྡོམ་བྱ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2020ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ཟླ་7པའི་ཚེས་7ཉིན་ནས་ཚེས་9ཉིན་གྱི་བར་གཏོང་རྒྱུ་ཡིན་ལ།  རང་ཁུལ་དུ་རྒྱུགས་ཁུལ་1་དང་རྒྱུགས་ཚིགས་2  རྒྱུགས་ར་69བཅས་བཙུགས་ཡོད།  དེའི་ནང་ཁུལ་མི་རིགས་སློབ་འབྲིང་གི་རྒྱུགས་ར་38དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་རྒྱུགས་ར་31ཡོད་པ་རེད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡིག་རྒྱུགས་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་པ་དང་། རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་ལྷིང་འཇགས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་ཡོང་བར་འགན་ལེན་བྱ་ཆེད། མཐོ་རྒྱུགས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཡིག་རྒྱུགས་གཏོང་ཡུལ་མཐའ་འཁོར་གྱི་འབྲེལ་ཡོད་འགྲོ་ལམ་ཐོག་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།

        མཐོ་རྒྱུགས་རིང་། ཟོག་འདྲེན་རླངས་འཁོར་ཆེ་འབྲིང་ཆུང་གསུམ་རྒྱང་སྐྱོད་ལམ་ཆེན་དང་། ཤམ་བྷ་ལའི་ལམ་ཆེན། མཁའ་འགྲོ་ལམ་ཆེན། རྒྱལ་ལམ་214ལམ་ཐིག་གི་ཤ་ཁ་ལམ་ནས་འོ་མ་མཚོ་ཁའི་མཆོད་རྟེན་དཀར་པོའི་བར་གྱི་ལམ་མཚམས།  འབྲི་ཆུ་ལམ།  ནག་ཆུའི་གཡས་གཡོན་གྱི་ལམ་གཉིས། ཡོན་ཏན་ལམ་བཅས་སུ་བསྐྱོད་རྒྱུ་གཏན་འགོག་བྱ་རྒྱུ།  སྤྱི་ཚོགས་ཐོག་གི་རླངས་འཁོར་ཁག་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་ལྷོ་བྱང་སློབ་ཁུལ་དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་མཐའ་འཁོར་གྱི་ལམ་བུའི་ཐོག་གང་བྱུང་དུ་བཞག་མི་ཆོག་པ་དང་ རླངས་འཁོར་གྱི་དུང་ཡང་གནོན་མི་ཆོག

        འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་ལམ་མཚམས་ནི་མགྲོན་བསུ་ལམ་ཆེན་དང་། མཆོད་རྟེན་ལམ་ཆེན།  འབྲི་ཆུའི་ལམ་བཅས་ཀྱི་ལམ་ཧྲིལ་པོ་དང་།  རྒྱང་སྐྱོད་ལམ་ཆེན་གྱི་ཧུང་ཏ་མགྲོན་ཁང་ནས་ཟངས་རྟ་དེ་ནས་ཉི་མ་ལམ་དང་ཆབ་མདོ་ལམ་གྱི་བར། ཁམས་པ་ལམ་ཧྲིལ་པོ། མཁའ་འགྲོ་ལམ་ཆེན་གྱི་ཀླུ་ཆུ་སྤྱི་གླིང་ནས་མཆོད་རྟེན་དཀར་པོའི་བར་བཅས་སོ། བཀག་སྡོམ་བྱེད་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་7དང་སྐར་མ་30ནས་ཆུ་ཚོད་8དང་སྐར་མ་30བར།  ཉི་དགོང་ཆུ་ཚོད་11དང་སྐར་མ་30ནས་ཆུ་ཚོད་12བར། ཕྱི་དྲོའི་ཆུ་ཚོད་1དང་སྐར་མ་30ནས་ཆུ་ཚོད་2དང་སྐར་མ་30བར། དགོང་མོའི་ཆུ་ཚོད་4དང་སྐར་མ་30ནས་ཆུ་ཚོད་5དང་སྐར་མ་30བར་བཅས་ཡིན།