སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གཉིས་ཀ་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡང་ཐང་ཕུག་ལམ་ནས་ཁྲུང་ཅང་ཧོ་བར་གྱི་འཛུགས་སྐྲུན་ལས་གྲྭ་ཟླ་8པའི་ཟླ་མཇུག་ཏུ་ལེགས་གྲུབ་ཐུབ་པར་བརྩོན་ལེན་བྱ་རྒྱུ།

        སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡང་ཐང་ཕུག་ལམ་བར་གྱི་ལམ་ངོས་བཏིང་ཟིན་པ་དང་། མིག་སྔར་ལྗང་འགྱུར་ལས་གྲྭ་དང་ཆུའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལས་གྲྭ  འགྲིམ་འགྲུལ་བདེ་འཇགས་ལས་གྲྭ་བཅས་ཛ་དྲག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ།  ཟླ་8པའི་ཟླ་མཇུག་ཏུ་ལེགས་གྲུབ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

        མིག་སྔར།  ལས་གྲྭ་དེའི་འཛུགས་སྐྲུན་ནང་དོན་གཙོ་བོའི་ཟུར་འཇོག་དྲ་བ་དང་འགོག་སྲུང་དྲ་བ། ཐིག་རིས། སྨི་བརྒྱའི་བྱང་བུ། ལམ་རྟགས་སོགས་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་དང་སྒྲ་འགོག་འགོག་ཡོལ་བ། ཆུའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལས་གྲྭའི་འཛུགས་སྐྲུན་བཅས་ཚུད་ཡོད།  མིག་སྔར་47%ལེགས་གྲུབ་བྱུང་ཡོད་པ་དང་། ཡང་ཐང་ཞབས་ཞུ་ཁུལ་དང་རིན་བསྡུའི་ས་ཚིགས་སོགས་ཀྱང་བདེ་བླག་ངང་སྐྲུན་བཞིན་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཡང་ཐང་ཕུག་ལམ་ནི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཟམ་པ་དྲུག་དང་ཕུག་ལམ་བརྒྱད་དང་འབྲེལ་མཐུད་གཅིག”གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ཡིན་ལ། ས་བབ་མཐོ་ཚད་སྨི་3000ཡན་གྱི་ཕུག་ལམ་རིང་པོ་ཞིག་ཀྱང་ཡིན། གཡོན་ངོས་ཀྱི་རིང་ཚད་ལ་སྨི་2520དང་གཡས་ངོས་ཀྱི་རིང་ཚད་ལ་སྨི་2550ཡོད། མིག་སྔར་ཡང་ཐང་ཕུག་ལམ་གཉིས་ཏལ་འབིགས་ཐུབ་ནས་ལམ་ངོས་འདིང་གྲབས་ཡོད་པ་རེད།

        ཡང་ཐང་ཕུག་ལམ་ནས་ལེང་ཏུའུ་ལའི་ཕུག་ལམ་བར། བཟོ་པ་རྣམས་ཀྱིས་ལམ་ངོས་འདིང་བཞིན་ཡོད། རིམ་སྦྱོར་རྡོ་ཧྲུག་གཞི་རིམ་80%ལེགས་གྲུབ་བྱུང་བ་དང་ཨར་འདམ་བརྟན་པོའི་ངང་རྡོ་ཧྲུག་གཞི་རིམ་82%ལེགས་གྲུབ་བྱུང་བ། སྣུམ་སྙིགས་འོག་རིམ་གྱི་74.6%ལེགས་འགྲུབ་བྱུང་། སྣུམ་སྙིགས་ཁྲོད་ངོས་རིམ་43.2%ལེགས་གྲུབ་བྱུང་བ་དང་སྣུམ་སྙིགས་ངོས་རིམ་41.2%ལེགས་གྲུབ་བྱུང་ཡོད། ལམ་ངོས་ཀྱི་ཞོར་གཏོགས་ལས་གྲྭ་85%ལེགས་གྲུབ་བྱུང་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་གྱི་འཛུགས་སྐྲུན་རྣམ་གྲངས་ད་ལོའི་ལོ་མཇུག་ཏུ་ཟམ་པ་ཧྲིལ་པོ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་ཡིན།

        སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་གྱི་འཛུགས་སྐྲུན་ཡུལ་དངོས་སུ།  བཟོ་པ་འགའ་རེས་ཟམ་པའི་པང་ལེབ་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། འགའ་རེས་མཁའ་དབྱིངས་སུ་སྐུད་པས་དཀྲིས་བཞིན་ཡོད། འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་སུ་གཏོང་བཞིན་ཡོད་ལ། 2020ལོའི་ལོ་མཇུག་ཏུ་ཟམ་པ་ཧྲིལ་པོ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་རེད།

        སྟག་མཆོང་གྲོག་རོང་གི་འབྲི་ཆུའི་ཟམ་ཆེན་ནི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། ཟམ་པ་འདི་ནི་མིག་སྔར་འཛམ་གླིང་ཐོག་གི་བརྒལ་ཚད་ཆེ་ཤོས་ཀྱི་མཆོད་རྟེན་གཅིག་གི་དཔྱང་ཐག་ཟམ་པ་ཞིག་རེད། རིང་ཚད་ལ་སྨི་766ཡོད། 2016ལོའི་ཟླ་7པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ཚི་སྐུད་གཙོ་བོའི་ཚངས་ཐིག་ཧའོ་སྨི་680ཟིན་ཡོད། ཚི་སྐུད་གཙོ་བོ་གཉིས་ཀྱི་ལྗིད་ཚད་ཏུན་4850ཟིན་པ་དང་ཕྱོགས་གཉིས་ཀྱི་འཁོར་ལམ་4 ཇུས་འགོད་བྱས་ཡོད། མིག་སྔའི་བར་ཟམ་ཆེན་རྣམ་གྲངས་འཛུགས་སྐྲུན་གྱི་དུས་མཇུག་ཏུ་སླེབས་ཡོད་དེ་ཟམ་ངོས་པང་ལེབ་1392ཇུས་འགོད་བྱས་ཏེ་1185སྒྲིག་སྦྱོར་བྱས་ཟིན།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ནི་དཀྱིལ་བརྒལ་ལྕགས་གདུང་འཛུགས་བཞིན་ཡོད།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་གྱི་འཛུགས་སྐྲུན་ཡུལ་དངོས་སུ། ཟམ་ཆེན་གྱི་དཀྱིལ་བརྒལ་ལྕགས་གདུང་ཨང་གསུམ་པ་འཛུགས་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ཕལ་ཆེར་ཟླ་བ་3དུ་འགྲུབ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་གྱི་ལྕགས་གདུང་ཁྱོན་ཁང་མིག་71ཡོད་པ་དང་མཐའ་21བརྒལ་ཡོད། དཀྱིལ་ནས་50བརྒལ། དེའི་ནང་དཀྱིལ་བརྒལ་ལ་ས་བཅད་གཉིས་ཀྱི་སྤྱི་ཡོངས་དཔྱང་འདེགས་ལྷུ་སྒྲིག་བྱས་པ་དང་ཁྱོན་ས་བཅད་གཉིས་ཀྱི་དུམ་བུ་25ཡོད་པ་རེད། ཟམ་ཆེན་གྱི་དཀྱིལ་བརྒལ་ལྕགས་གདུང་དང་པོ་དེ་ཟླ་6ཚེས་15ཉིན་བཙུགས་པ་རེད། འཛམ་གླིང་གི་བརྒལ་ཚད་ཆེ་བའི་ལྕགས་གདུང་ཅན་གྱི་ལྕགས་ལམ་དཔྱང་ཟམ་ཐོག་མ་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

        འབྲི་ཆུའི་ཟམ་ཆེན་དེ་ནི་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་།  རྒྱལ་ཁབ་གྱི་4Aརིམ་པའི་ལྗོངས་ཁུལ་ཏེ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་ཡོད།  ཕྱོགས་གཉིས་ཀར་ཧ་པ་གངས་རི་དང་ཡུལ་ལུང་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཡིན་ལ།  ཟམ་ཆེན་གྱི་རིང་ཚད་སྨི་882.5ཡོད་པ་དང་བརྒལ་ཚད་སྨི660ཟིན། ཟམ་ངོས་ནས་འབྲི་ཆུའི་ངོས་ཀྱི་དྲང་འཕྱང་བར་ཐག་ཧ་ལམ་སྨི་250་ཡོད། ཟམ་ཆེན་དེ་སྐྲུན་ཚར་རྗེས་ལྕགས་ལམ་འཛུགས་སྐྲུན་གྱི་བརྒལ་ཚད་ཆེ་ཤོས་ཀྱི་ལྕགས་གདུང་དཔྱང་ཟམ་སོགས་རྒྱལ་ནང་དང་འཛམ་གླིང་གི་ཟིན་ཐོ་མང་པོ་གཏོད་རྒྱུ་ཡིན།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་བབས་ཚུགས་འཛུགས་སྐྲུན་ལས་གྲྭ་མིག་སྔར་གྲུབ་ཆ་གཙོ་བོའི་40%ལེགས་གྲུབ་བྱུང་ཡོད།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་པ་དང་། ལྷོར་ཏ་ལི་ནས་ས་དམ་བར་གྱི་ལྕགས་ལམ་གྱི་ས་དམ་བབས་ཚུགས་ནས་འགོ་ཚུགས་ནས་བྱང་སྟག་མཆོང་གྲོག་རོང་དུ་འབྲི་ཆུ་བརྒལ་བ། དེ་ནས་ཁྲུང་ཅང་ཆུ་བོའི་གཡོན་ངོས་སུ་རྒྱུད་དེ་ཡང་ཐང་བརྒྱུད་ནས་སེམས་ཀྱི་ཉི་ཟླར་ཟིན་ཁྱོན་རིང་ཚད་139.652kmཡོད།  གོམ་སྟབས་རྗེས་མར།  འཛུགས་སྐྲུན་འགན་ལེན་ཕྱོགས་ཀྱིས་ལྕགས་ལམ་ཅུས་བཀོད་འདོམས་པུའི་བླང་བྱ་གཞིར་བཟུང་སྟེ། ཨར་ལས་ཐོན་སྐྱེད་བྱེད་རིམ་དུ་དུས་ཐོག་ཏུ་བབ་བསྟུན་ལེགས་སྒྲིག་བྱས་ནས་ལས་ཡུན་ལྡོག་སྒྲིག་བྱ་རྒྱུ་ཡིན་པ་དང་། སྔོན་བརྒལ་གྱིས་མི་སྣ་དང་རྒྱུ་ཆ། འཕྲུལ་ཆས་བཅས་དང་དེ་བཞིན་སྒྲིག་སྦྱོར་བྱེད་སྟངས་ལ་བལྟས་ནས་ལས་ཀ་བྱ་རྒྱུ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་གྲྭ་སྒྲིག་འཛུགས་བྱས་ཏེ་ལས་རིམ་ཁག་གི་ལས་ཡུན་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ནས་ལས་གྲྭའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་བྱ་རྒྱུ།