ཆང་རག་འཐུངས་རྗེས་ཀྱི་འཛེམ་བྱ་བརྒྱད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-29   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        དང་པོ། ལམ་སེང་གཉིད་ཁུག་རྒྱུ་མེད།

        སྤྱིའི་ཆར་ཆང་འཐུང་རྗེས་ལམ་སེང་གཉིད་ཁུག་སོང་ན་མི་དེའི་སྤྱོད་ལམ་ཡག་པོ་ཡོད་པ་མཚོན་ཐུབ། ཡིན་ནའང་ཆང་གི་ཉིང་ཁུ༼ཆང་བཅུད།༽མཆིན་པའི་འཇུ་བྱེད་ལ་བརྟེན་ཡོད་པས་ལམ་སེང་གཉིད་ཁུག་སོང་ན་རྙིང་ཚབ་གསར་བརྗེ་དལ་དུ་ཕྱིན་ནས་མཆིན་པའི་འཇུ་བྱེད་མ་ལག་ལ་གནོད་པ་ཡོད། འདི་ལྟར་ཆང་བཅུད་རིགས་ཀྱི་མཆིན་ནད་ཕོག་སླ་པོ་ཡོད། བསམ་འཆར་འདོན་རྒྱུར། ཆང་འཐུངས་རྗེས་ཆུ་གྲང་མོས་གདོང་འཁྲུད་ནས་མར་བསྡད་དེ་ངལ་གསོ་ཏོག་ཙམ་རྒྱག ཆང་འཐུང་དྲགས་ནས་གཉིད་ལ་ཡུར་ཚེ་ལེགས་བྱུང་ན་ཆུ་ཚོད་གཉིས་ཀྱི་ནང་གཉིད་ཐེངས་རེ་གསོད་དགོས་པ་དང་བཟི་མ་དྭངས་བར་དུ་ཆུ་འཁོལ་འཐུང་དུ་འཇུག་དགོས། ར་བཟི་རྗེས་གལ་རྒྱལ་དུ་ཉལ་སྟངས་ལ་དོ་སྣང་བྱེད་དགོས། ར་བཟི་རྗེས་དབང་རྩའི་འགྱུར་བྱུང་དལ་དུ་འགྲོ་གི་ཡོད། མགྲིན་པའི་ཤ་རྒོད་ཀྱི་སྐུམ་ཤུགས་མར་ཆག་འགྲོ་གི་ཡོད། གལ་ཏེ་སྐྱུག་པ་སྐྱུག་དགོས་ཚེ་སྐྱུག་བྱེད་ཀྱི་ཁུ་སྙིགས་མགྲིན་པའི་ནང་འགག་ནས་གློ་ཡུའི་ནང་འཛུལ་འགྲོ་བའི་ཉེན་ཁ་ཡོད། འདི་ལྟར་ཉེན་ཁ་ཆེན་པོ་ཡོད། གྱེན་རྒྱལ་སློག་ནས་ཉལ་ན་ཆང་འཐུངས་རྗེས་ཤ་རྒོད་ཀྱི་སྐུམ་ཤུགས་ཤོར་ནས་ནང་ཁྲོལ་ལ་བཙན་གནོན་ཐེབས་སླ་པོ་ཡོད། ལྷག་པར་དུ་སྙིང་ཁམས་ཁྲག་མཁོ་འདོན་ལ་གནོད་པ་ཡོད། 

        གཉིས་པ། ཇ་གར་པོ་འཐུང་ནས་བཟི་དྭངས་ཐབས་བྱེད་མི་རུང་།

        སྔར་ནས་ད་བར་ཇ་གར་པོ་འཐུང་ནས་བཟི་དྭངས་ཐབས་བྱེད་པའི་བཤད་སྲོལ་ཡོད། དོན་དངོས་ཐོག་ཇ་བུལ་གྱིས་ཆབ་གསང་འབབ་བདེ༼གཅིན་འབེབས།༽ལ་ཕན་ནུས་མགྱོགས་པོ་ཐོན་ཐུབ་ནའང་ཕྲལ་གསེད་ཀྱི་ཡང་རླུང་བསལ་བའི་སྐྱུར་རྩི་མེད་པར་སྔ་ཐལ་གྱི་མཁལ་མའི་ནང་འཛུལ་ཏེ་བཟི་དྭངས་ཐབས་ཀྱི་འཕེལ་རིམ་དཀྲུགས་ཡོད། ཡང་རླུང་བསལ་བའི་སྐྱུར་རྩི་ནི་གནོད་པ་ཡོད་པའི་དངོས་རྫས་ཞིག་ཡིན། མཁལ་མར་གནོད་པ་ཆེན་པོ་ཡོད། མཁལ་མར་དུག་སེལ་གྱི་ནུས་པ་མེད། དེར་བརྟེན་འདི་ལྟར་དུས་ཡུན་རིང་པོར་གནས་ཚེ་མཁལ་མའི་ནད་ཕོག་སླ་པོ་ཡོད། ད་དུང་ཡང་རླུང་བསལ་བའི་སྐྱུར་རྩི་སྙིང་ཁམས་ཁྲག་རྩའི་མ་ལག་ལ་ཡང་གནོད་པ་ཆེན་པོ་ཡོད། སྙིང་ནད་ཡོད་པའི་ནད་པས་ཆང་འཐུངས་རྗེས་ཇ་འཐུང་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

        གསུམ་པ། རླུང་འབུད་མི་རུང་། 

        ཆང་འཐུངས་རྗེས་རླུང་བསིལ་བུ་འབུད་ཚེ་ཕལ་ཆེར་ཧ་ཅང་བདེ་པོ་ཡོད་ཀྱི་རེད། རང་ཉིད་སྔར་ལས་རིག་པ་གསལ་དུ་འགྲོ་གི་ཡོད་ཀྱི་རེད། དོན་དངོས་ཐོག་ཆང་འཐུངས་རྗེས་ཁྲག་རྒྱུན་འཁོར་སྐྱོད་མགྱོགས་སུ་འགྲོ་གི་ཡོད།   པགས་འོག་ཁྲག་རྩ་ཕྲ་མོ་ཁྲག་རྒྱས་ཀྱི་ཡོད། རླུང་བུས་རྗེས་ལུས་ཁམས་ཀྱི་ཚ་ཚད་ཀྱི་གྱོང་གུན་ཛ་དྲག་ཏུ་འགྲོ་གི་ཡོད། དེར་བརྟེན་ར་བཟི་རྗེས་ས་སྟེང་དུ་རིལ་འགྲོ་རྒྱུ་སྔར་ལས་སླ་བ་ཡོད། 

        བཞི་པ། ཤིང་ཏོག་ཀླད་སིལ་ཟ་རྒྱུ་མེད།

        ཐའི་ལེན་ཌ་རྒྱལ་ཁབ་ནང་ཤིང་ཏོག་ཀླད་སིལ་བཟས་ཚེ་ཆང་རག་མི་འཐུང་ཞེས་ཡིག་ཐོག་ནས་གཏན་འབེབས་གསལ་པོ་བཟོས་ཡོད། ཀླད་སིལ་ནང་མུ་ཟིའི་གྲུབ་ཆ་མང་པོ་ཡོད། འདིས་མིའི་ལུས་ཁམས་ནང་གི་ཡང་རླུང་བསལ་བའི་སྐྱུར་རྩིའི་རྩབས་བྱེད་ནུས་ཉམས་དམས་སུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྩབས་འདིའི་རིགས་ཀྱིས་ཆང་གི་ཉིང་ཁུའི་དུག་རྒྱུ་གཙང་བཤེར་བྱེད་ཐུབ་ཀྱི་ཡོད། ཀླད་སིལ་བཟས་ཚེ་ཆང་གི་ཉིང་ཁུའི་རྙིང་ཚབ་གསར་བྱེད་ལ་ཤུགས་རྐྱེན་ཐེབས་ནས་ཆང་གི་ཉིང་ཁུའི་དུག་ཕོག་ཉེན་ཡོད། ཚབས་ཆེ་དུས་ཚེ་སྲོག་ལ་ཉེན་ཁ་ཡོད།

        ལྔ་པ། ལུས་ཆུར་སྦོང་ནས་གཟུགས་པོ་འཁྲུད་མི་ཉན།

        སྟབས་བདེའི་འཁྲུད་རྒྱག་པའམ་ཕྱིས་བཀྲུས་བྱས་པར་སྐྱོན་དེ་འདྲ་མེད། འདིར་བཤད་རྒྱུ་ནི་ལུས་པོ་ཆུ་ཚ་པོའི་ནང་སྦོང་ནས་གཟུགས་པོ་འཁྲུད་པའི་སྐོར་ལ་བཤད་ཀྱི་ཡོད། ཆང་འཐུངས་རྗེས་ཁྲག་ཤེད་འཕར་བའི་རྣམ་པ་ཐོན་གྱི་ཡོད། ཆུ་ཚ་པོས་ཁྲག་འཛག་རྒྱུ་སྔར་ལས་བྲེལ་འཚབ་ཚ་རུ་གཏོང་གི་ཡོད། དྲོད་རླངས་དག་མིའི་ལུས་ཁམས་ནང་མཉམ་འཛོམ་བྱས་ཏེ་ཡལ་གྱི་མེད། འདི་ལྟར་ར་བཟི་རྒྱུ་སྡུག་ཏུ་ཕྱིན་ཏེ་སྐྱུག་པ་སྐྱུག་པའམ་དྲན་མེད་དུ་བརྒྱལ་གྱི་ཡོད། ད་དུང་ཆང་འཐུངས་རྗེས་སྐྱི་མོའི་ཚོར་སྐྱེན་ཤུགས་ཆུང་དུ་འགྲོ་གི་ཡོད། གལ་ཏེ་ཆུ་ཚ་པོ་དེའི་ཚ་ཤུགས་ཆེན་པོ་ཡོད་ཚེ་རང་ཉིད་འཚིག་རྨས་བྱུང་བའང་ཤེས་ཀྱི་མ་རེད།

        དྲུག་པ། སྨན་གཏོང་རྒྱུ་མེད།

        ཆང་འཐུངས་རྗེས་སྨན་གཏོང་བ་ན་དུག་གི་བྱེད་ལས་ཙམ་ལས་མེད། བཟི་དྭངས་བྱེད་ཀྱི་སྨན་ཡང་ཚུད་ཡོད། སྨན་འདིའི་རིགས་ཀྱིས་གནས་སྐབས་མི་ར་བཟི་བའི་གནས་སྟངས་ལས་གྲོལ་ཐུབ་ནའང་མ་འོངས་པར་ར་བཟི་བའི་དུས་ཚོད་རིང་དུ་གཏོང་གི་ཡོད། ཆང་འཐུངས་རྗེས་ལྷོད་འཇགས་སྨན་དང་བརྒྱལ་གཟེར་འགོག་བྱེད་ཀྱི་སྨན། མི་འཕྲོད་པ་འགོག་བྱེད་ཀྱི་སྨན། ཁྲག་ཤེད་གཅོག་སྨན་སོགས་གཏོང་ཚེ་ཀླད་ཆེན་གྱི་ཚོད་འཛིན་ནུས་པ་འཕར་འགྲོ་གི་ཡོད། ཚ་བ་ཞི་བྱེད་ཀྱི་སྨན་ནང་གི་རྫས་འགྱུར་གྱི་གྲུབ་ཆ་བྱང་པན་ཅི་ཡི་ཤན་ཨན༼羟苯基乙酰胺༽གྱིས་དུག་རྫས་ནུས་པ་ཐོན་རྒྱུའི་ཉེན་ཁ་ཆེན་པོ་ཡོད།  འདིས་མཆིན་པར་གཉན་ཚད་རྒྱས་ཀྱི་ཡོད། ད་དུང་ཚབས་ཆེ་དུས་ཟློག་ཐབས་མེད་པའི་གནོད་འཚེ་ཕོག་གི་ཡོད།

        བདུན་པ། ལུས་རྩལ་རྩེད་རྒྱུ་མེད།

        ར་བཟི་རྗེས་མིའི་ལུས་ཁམས་ནང་གི་རླན་གཤེར་མང་པོ་ཤོར་འགྲོ་གི་ཡོད། ལུས་ཆུ་ཤོར་བའི་ཉེན་ཁ་ཆེན་པོ་ཡོད། སྐབས་དེ་དུས་ལུས་སྦྱོང་བྱས་ཚེ་ལུས་ཆུ་ཤོར་བའི་ཉེན་ཁ་ཚབས་ཆེ་རུ་འགྲོ་གི་ཡོད། ཆང་འཐུངས་རྗེས་ཆུ་རྐྱལ་རྒྱག་ཚེ་དེ་བས་ཀྱང་ཉེན་ཁ་ཆེ་བ་ཡོད། འདི་ལྟར་མིའི་ལུས་ཁམས་ཀྱི་ཚ་དྲོད་ཕྱིར་འགྲེམ་གློ་བུར་དུ་མགྱོགས་སུ་འགྲོ་གི་ཡོད་པ་དང་མགོ་ཡུ་འཁོར་བ། ཁྲག་མངར་དམའ་བའི་རིགས་དྲན་མེད་དུ་བརྒྱལ་བ། རྐང་པའི་རྩ་འཁུམ་པ་སོགས་ཀྱི་གནད་དོན་ཡོད།

        བརྒྱད་པ། ཕོ་མོའི་འདོད་བརྩེར་རོལ་མི་རུང་།

        དམངས་ཁྲོད་དུ་བཤད་སྲོལ་ཞིག་ཡོད་དེ། ཆང་འཐུང་དང་ཟ་མ་ཟ་རྒྱུ་མང་སོང་ན། ལོ་ངོ་ལྔ་བཅུ་ཙམ་ནས་རྒ་འགྲོ། ཆང་འཐུངས་རྗེས་མིའི་ལུས་ཁམས་ཁྲག་རྒྱས་འོར་ནད་རྣམ་པའི་ཐོག་གནས་ཡོད་པས་ཕོ་རྨེན་ལ་ཉེན་ཁ་ཆེན་པོ་ཡོད། སྐབས་དེ་དུས་ཕོ་མོའི་འདོད་བརྩེར་རོལ་སོང་ན་ཕོ་རྨེན་གྱི་ནད་ཕོག་པའི་ཉེན་ཁ་སྔར་ལས་ཆེ་བ་ཡོད། ད་དུང་སྐྱེས་པ་ཚོས་ཆང་འཐུངས་རྗེས་ཕོ་མོའི་འདོད་བརྩེར་རོལ་སོང་ན་ཁོང་ཚོའི་གཟུགས་པོའི་ནང་གི་རླིག་རིལ་ཟུང་འབྲེལ་གྱི་སྤྲི་དཀར༼ཁྲག་གི་བཅུད་རྫས༽མང་དུ་འགྲོ་གི་ཡོད། འདི་ལྟར་རླིག་རིལ་ལ་རྨས་སྐྱོན་གཏོང་གི་ཡོད། རླིག་རིལ་ལ་བྱུང་བའི་འདོད་བརྩེའི་སྐུལ་རྒྱུའི་ནུས་པ་ཞན་དུ་གཏོང་གི་ཡོད། དེ་མིན་ཆང་འཐུངས་བའི་མིའི་ཁམས་དཀར་གྱི་བརྒྱ་ཆ་༧༠ཙམ་ནི་བདེ་ཐང་མིན་པ་དང་ཆད་སྐྱོན་ཤོར་བ་རྐྱང་ཡིན། འདི་ལྟར་མངལ་གནས་ཕྲུ་གུའི་བརྒྱ་ཆ་༢༦ཙམ་ལ་བདེ་ཐང་གི་གནད་དོན་ཐོན་གྱི་ཡོད། ལྷག་པར་དུ་བློ་རིག་ལ་འགོག་རྐྱེན་བཟོ་གི་ཡོད། དེར་བརྟེན་ཨིན་ཡུལ་གྱི་རྩོམ་རིག་སྒྱུ་རྩལ་མཁས་པ་ཤེག་སི་ཕི་ཡར་གྱིས་གསུངས་དོན། ཆང་གིས་རེ་བ་བསྐྲུན་ཐུབ་ལ། ཆང་གིས་ཀྱང་རེ་བ་ཆུ་ཡི་ལྦུ་བར་འགྱུར་ཐུབ།