མཐོ་སྒང་གི་གླུ་སྐད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ལི་ཐང་རྫོང་ཆ་ཚང་སློབ་ཆུང་བཞི་བ་གཡའ་དག་པའི་གནམ་མཁའི་འོག་ན་ཀྲོང་ངེར་འགྱིང་འདུག ཟླ་6པའི་ཚེས་15ཉིན་མགོ་ལ་ཞྭ་མོ་སེར་པོ་གྱོན་པའི་སློབ་མ་དག་གིས་དགེ་རྒན་གྱི་མཛུབ་ཁྲིད་འོག་《གཞོན་པའི་དུས》ཞེས་པའི་གཞས་དབྱངས་སྙན་མོར་སློབ་སྦྱོང་བྱེད་བཞིན་འདུག

        ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣ་ཧོང་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གི་གྲོང་ཁྱེར་གྱི་གཞི་ཁྱོན་ཇེ་ཆེ་དང་མི་གྲངས་ཇེ་མང་། རོང་འབྲོག་མང་ཚོགས་ཚོས་བུ་དང་བུ་མོ་སློབ་གྲྭར་བསྐྱལ་བའི་འདུན་པ་ཇེ་ཆེར་གྱུར་བ་དང་། རོང་འབྲོག་མང་ཚོགས་ཀྱི་བུ་དང་བུ་མོ་རྣམས་སློབ་གྲྭར་ཞུགས་ཐུབ་པ་དང་སློབ་གྲྭ་ལེགས་པོར་ཞུགས་ཐུབ་པའི་ཆེད་དུ་ལི་ཐང་རྫོང་གིས་2013ལོའི་ཟླ་4པར་ལི་ཐང་རྫོང་ཆ་ཚང་སློབ་ཆུང་བཞི་བ་བསྐྲུན་མགོ་ཚུགས་ཤིང་། 2016ལོའི་ཟླ་9པར་སློབ་མ་བསྡུ་པའི་མགོ་བརྩམས། སློབ་གྲྭ་འདིར་སྤྱིའི་མ་དངུལ་གཏོང་ཚུལ་སྒོར་དུང་ཕྱུར་1.1ཡིན།