WHOཡིས་དུས་སང་རིམས་འགོག་སྨན་ཁབ་དུང་ཕྱུར20མཁོ་འདོན་བྱ་རྩིས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ2021ལོའི་ལོ་མཇུག་གོང་འཛམ་གླིང་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དུང་ཕྱུར20མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ།

        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས26ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་འགོག་བཅོས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས་ཡོད། གྲོས་གཞི་དེར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ2021ལོའི་ལོ་དཀྱིལ་གོང་ཡོང་འབབ་དམའ་འབྲིང་རྒྱལ་ཁབ་ལ་བརྟག་བཤེར་ཚད་ལེན་ཡོ་བྱད་དུང་ཕྱུར5དང་སྨན་རྫས་དུང་ཕྱུར2དང་བྱེ་བ4དང་ས་ཡ5མཁོ་འདོན་བྱ་རྒྱུ་མ་ཟད། སྤྱི་ལོ2021ལོའི་ལོ་མཇུག་གོང་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དུང་ཕྱུར20མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་འཆར་གཞི་དེ་མངོན་འགྱུར་ཡོང་བར་མ་འོངས་ཟླ་བ12ནང་ཨ་སྒོར་དུང་ཕྱུར313གྲབས་གསོག་བྱ་དགོས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། མིག་སྔར་ཨ་སྒོར་དུང་ཕྱུར34གྲབས་གསོག་བྱས་ཟིན་པ་དང་ད་དུང་ཨ་སྒོར་དུང་ཕྱུར279འདང་གི་མེད་ཅེས་བསྟན་ཡོད་པ་རེད།

        འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དབུ་བཞུགས་ཚན་རིག་མཁས་པ་སི་ཝ་མི་ན་ཐན་གྱིས། མིག་སྔར་འཛམ་གླིང་ཡོངས་སུ་འདེམས་སྒུག་རིམས་འགོག་སྨན200ལས་བརྒལ་ཡོད་པ་དང་། དེའི་ཁྲོད་སྨན་ཁབ15མིའི་ལུས་སྟེང་དུ་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། དེའི་ནང་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁ་ཤས་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་ཚོགས་པ་མང་པོ་དང་མཉམ་ལས་སྔར་ལས་ལྷག་པ་བྱ་ཆེད་གྲོས་བསྡུར་བྱས་པ་མ་ཟད། ནད་ཐོག་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་ཟུར་གསལ་བྱས་ཡོད་པ་རེད།