དབྱར་ཁའི་སེམས་ཀྱི་ཉི་ཟླར་ཡུངས་དཀར་མེ་ཏོག་གིས་རྒྱན་པས་རབ་ཏུ་མཛེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དབྱར་ཟླ་དྲུག་པར་སེམས་ཀྱི་ཉི་ཟླའི་ཡུངས་དཀར་མེ་ཏོག་བཞད་བའི་དུས་སླེབས་ལ། གྲོང་ཚོ་སོ་སོའི་ཞིང་ཁར་སེར་མདོག་གི་ཡུངས་དཀར་མེ་ཏོག་བཞད་པས་ལྗང་ཐིང་ཐིང་གི་སྤང་ཐང་དང་ནས་ཞིང་སོགས་དང་ཕན་ཚུན་རྒྱན་སྤྲད་བྱས་ནས་མཚོན་མདོག་རྣམ་པར་བཀྲ་བའི་པར་རིས་ཞིག་དང་ཇི་མ་ཇི་བཞིན་རེད།