ཨ་མྱེ་ཨ་བཟང་གྲུབ་ཚང་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་འདི་ལྟར་གཏོང་།

རྩོམ་པ་པོ།   ཚེ་སྒྲོལ།  ཡིག་བསྒྱུར།       དུས་ཚོད།   2020-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་6པའི་ཚེས་25ཉིན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་ཡིན་ལ།     རྒྱལ་ཐང་བའི་མི་སེར་ཚོས་ལྔ་པའི་ཚེས་ལྔ་ཉིན་ནི་གེ་སར་རྒྱལ་པོར་དྲན་གསོ་བྱས་པའི་དུས་ཆེན་ཞིག་བརྩིས་ནས་སྔར་ནས་གཏོང་སྲོལ་ཡོད་ལ།   སྔར་ཡིན་ན་མི་སེར་མང་ཆེ་བས་རྫོང་པ་ནག་ལྕོག་རི་བོའི་རི་འདབས་ནས་རྟ་རྒྱུག་གི་ལྟད་མོ་ལྟ་བར་འགྲོ་དགའ་ལ།  ད་ལོར་རིམས་ནད་བྱུང་བའི་རྐྱེན་གྱིས་རྟ་རྒྱུག་གི་ལྟད་མོ་མེད་པས་མི་སེར་ཚོས་རང་གི་ཁྱིམ་མིའམ་གྲོགས་པོ་དང་མཉམ་དུ་འཛོམས་ནས་ཚ་ཕོག་རྒྱག་བའམ་གླིང་ཀ་བཏང་བ།  ཡང་མིན་ན་མཐའ་འཁོར་གྱི་ལྗོངས་ཁུལ་དུ་ཡུལ་སྐོར་འགྲོ་ནས་དུས་ཆེན་གཏོང་བ་རེད།  གོང་གི་པར་འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཚོའི་ཨ་མྱེ་ཨ་བཟང་གྲུབ་ཚང་གིས་རང་ཁྱིམ་གྱི་སྒོར་རའི་ནང་སྤྲོ་སེང་གཏོང་བ་རེད།