ངེད་ཚགས་པར་ཁང་གི་བརྩམས་ཆོས་ཞིག་རྒྱལ་ཁབ་རིམ་པའི་འདེམ་ཐོའི་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5བའི་ཚེས་30ཉིན། ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སུམ་བཅུ་བའི་པར་རིས་བརྩམས་ཆོས་ཀྱི་ཐོག་མའི་འདེམ་ཐོའི་ལས་ཀའི་ཚོགས་འདུ་པེ་ཅིང་ནས་བདེ་ལེགས་ངང་འཚོགས། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཀྲང་ཀོ་ཧྭ་ཡི་པར་རིས་བརྩམས་ཆོས་《ཁ་བའི་ཁྲོད་ཀྱི་བྱམས་པ་གླིང་སྐོར་》ཞེས་པ་ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སུམ་བཅུ་བའི་གསར་འགྱུར་པར་རིས་བརྩམས་ཆོས་ཀྱི་འདེམ་ཐོའི་ནང་ཚུད། མིང་ཐོའི་ནང་ཚུད་པའི་བརྩམས་ཆོས་ལ་ཐོག་མའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱེད་པ་དང་གྲངས་འཛིན་འདྲ་པར་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་གྱིས་གསལ་འབྱེད་བྱས་པ་བརྒྱུད། གསར་འགྱུར་པར་རིས་བརྩམས་ཆོས་45ངེས་གཏན་དཔྱད་འདེམ་གྱི་མིང་ཐོའི་ནང་ཚུད། ཟླ་6པའི་ཚེས་10ཉིན་ནས་ཚེས16ཉིན་གྱི་བར་ཀྲུང་གོའི་གསར་འགྱུར་པར་རིས་དྲ་བ་དང་ཀྲུང་གོའི་གསར་འགྱུར་པར་རིས་སྤྱི་སྟེགས་ནས་ཡོངས་བསྒྲགས་བྱས་པ་དང་ཀྲུང་གོའི་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་ཀྱིས་དཔྱད་འདེམ་ལ་འབུལ་བ་རེད།

        ཟླ་5བའི་ཚེས་30ཉིན་འཚོགས་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སུམ་བཅུ་བའི་པར་རིས་བརྩམས་ཆོས་ཀྱི་ཐོག་མའི་འདེམ་ཐོའི་ལས་ཀའི་ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྨྱན་སྦྱོར་དང་། ཞིང་ཆེན་(རང་སྐྱོང་ལྗོངས)དང་གྲོང་ཁྱེར་གྱི་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་སོགས་བརྩམས་ཆོས་སྐུར་བའི་ལས་ཁུངས་ཀྱིས་ཀྲུང་གོ་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་ཀྱི་རེ་འདུན་ལྟར་བསྐུར་བའི་པར་རིས་བརྩམས་ཆོས་2722ལ་ཆེད་མཁས་པ་11གིས་དཔྱད་འདེམ་ཞིབ་མོ་བྱས་པ་བརྒྱུད་བརྩམས་ཆོས་50ངེས་གཏན་དཔྱད་འདེམ་དུ་ཞུགས་པའི་ཐོབ་ཐང་ཐོབ་པ།

        རྩོམ་པ་པོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་འགའ།    

བརྩམས་ཆོས་《ལོ་ལེགས་བྱུང་བའི་འཛུམ་མདངས།》ཞེས་པར་2011ལོའི་ཀྲུང་གོའི་ས་གནས་གྲོང་ཁྱེར་ཚགས་པར་གསར་འགྱུར་པར་རིས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།

བརྩམས་ཆོས་《རྩྭ་བརྔས་ནས་ལོག་ཡོང་བ་》ཞེས་པར་ཀྲུང་གོའི་གྲངས་ཉུང་མི་རིགས་གསར་འགྱུར་པར་རིས་སྐབས་ཉེར་བདུན་པའི་བྱ་དགའ་ཨང་གསུམ་པ་ཐོབ།

བརྩམས་ཆོས་《དབྱངས་ཅན་དང་ཁོ་མོའི་ལུ་ཁྱུ》ཞེས་པར་2012ལོའི་ཀྲུང་གོའི་ས་གནས་གྲོང་ཁྱེར་ཚགས་པར་གསར་འགྱུར་པར་རིས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་པ་པོས་སི་ཁྲོན་དཀར་མཛེས་མ་ཎི་སྒ་མགོ་ནས་བླངས་པའི་པར་《ཨ་མའི་པང་ནང་གི་བདེ་སྐྱིད་》ཅེས་པར་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་ཚགས་པར་སྐབས་ཉེར་དགུ་བའི་གསར་འགྱུར་བཟང་བོའི་བྱ་དགའ་ཨང་གཉིས་པ་ཐོབ།

        རྩོམ་པ་པོའི་འགྲེམ་སྟོན་ཐོབ་པའི་བརྩམས་ཆོས།

        2019ལོར། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་པར་ལེན་རུ་ཁག་དང་མི་དམངས་ཉིན་རེའི་ཚགས་པར་སོགས་གཙོ་རྒྱུན་སྨྱན་སྦྱོར་300ལྷག་གིས་ནང་ཞུགས་པའི་པེ་ཅིང་རྒྱལ་སྤྱིའི་པར་ལེན་གཟའ་འཁོར་ཏེ་འཕུར་བཞིན་པའི་མི་རིགས། འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པའི་རྒྱལ་ཡོངས་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགྱུར་པར་རིས་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་དང་།  རྩོམ་པ་པོའི་གཤམ་གྱི་བརྩམས་ཆོས་གཉིས་དེའི་ནང་འགྲེམ་སྟོན་བྱས་པ་རེད།

    ཕུའུ་སྨི་རིགས་ཀྱི་བུ་མོ།

ཏུའུ་ལུང་རིགས་ཀྱིས་འཁེལ་ཐགས་འཐག་པ།

        རྩོམ་པ་པོའི་པར་རིས་བརྩམས་ཆོས་གཞན་པ་འགའ།

        རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

        ཀྲང་གོ་ཧྭ། བོད་མིང་ལ་པདྨ་ཚེ་རིང་ཟེར།  བོད་རིགས།  ཀྲུང་གུང་ཏང་ཡོན། མཐོ་རིམ་རྩོམ་སྒྲིག་པ། 1967ལོའི་ཟླ་5ཚེས་4ཉིན་སྐྱེས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལོ་ཅི་ཤང་མྱུ་ཟུར་གྲོང་ཚོའི་མི་ཡིན། 1987ལོའི་ཟླ་9པར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་སུ་རྒྱུགས་འཕྲོད། 1992ལོའི་ཟླ་7པར་སློབ་གྲྭ་ཐོན་རྗེས་སྔ་རྗེས་སུ་བདེ་ཆེན་ཁུལ་ས་གནས་ལོ་རྒྱུས་གཞུང་དོན་ཁང་དང་། བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། བདེ་ཆེན་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ཕྱག་ལས་གནང་བ་རེད། ད་ལྟ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་ཁུར་ཡོད། ས་གནས་ཀྱི་ལོ་རྒྱུས་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཀྱི་རིག་གནས། མི་རིགས་ཀྱི་གསར་འགྱུར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་པར་ལེན་སོགས་ཀྱི་ལས་དོན་སྒྲུབ་བཞིན། 《ཕ་ཡུལ་མྱུ་ཟུར་གྱི་དམངས་སྲོལ་རིག་གནས་གྱི་དྲན་ཐོ》དང《བདེ་ཆེན་དམངས་སྲོལ་རིག་གནས》སོགས་མི་སྒེར་གྱི་ཆེད་རྩོམ་དང་མཉམ་རྩོམ་མང་པོ་ཡོད། བརྩམས་ཆོས་བརྒྱ་ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་པ་དང་ལྷག་པར་དུ་གསར་འགྱུར་ལས་དོན་གྱི་ལོ་12ནང་རྩོམ་སྒྲིག་དང་འཚོལ་བསྡུ་བྱས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་དང་པར་རིས་བརྩམས་ཆོས་80ལྷག་ཙམ་ལ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་བྱ་དགའ་ཐོབ་པ་རེད། 2015ལོར་ཀྲུང་གོ་ས་ཁུལ་དང་གྲོང་ཁྱེར་ཚགས་པར་གྱི“པར་ལེན་གསར་འགོད་པ་ཆེ་གྲས་ལྔ་བཅུ་”ཡི་མཚན་སྙན་ཐོབ་པ་རེད། 2016ལོར་བདེ་ཆེན་ཁུལ་གྱི་ཆེད་ལས་ལག་རྩལ་རིག་ཚན་གྱི་སྣེ་ཁྲིད་པ་ཁག་དང་པོར་གཏན་འཁེལ་བྱས།2018ལོར་ཡུན་ནན་ཞིང་ཆེན་གྱི“མི་ཁྲིའི་འཆར་གཞི”རིག་གནས་མཁས་ཅན་གྱི་གྲས་སུ་བདམས་པ་རེད།