སེམས་ཀྱི་ཉི་ཟླའི་ཉི་ཤར་རྫ་ནག་བཟོ་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉི་ཤར་ཤང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་སུ་གནས་ཡོད་པའི་བོད་རིགས་ཤང་གྲོང་ཞིག་ཡིན་ལ། སྔོན་གྱི་ཇ་རྟ་གནའ་ལམ་གྱིས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན།  ས་གནས་དེ་གར་ལོ་རྒྱུས་ཡུན་རིང་ལྡན་པའི་རྫ་ནག་བཟོ་རྩལ་ཡོད་དེ།  དམངས་ཁྲོད་ཀྱི་རྫ་ནག་བཟོ་རྩལ་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན།

        རྫ་ནག་བཟོ་རྩལ་ལ་གཙོ་བོ་གོ་རིམ་གསུམ་ཡོད་དེ་རྒྱུ་ཆ་གདམ་བ་དང་ལས་སྣོན། བསྲེགས་སྦྱོར་བཅས།  རྫ་ནག་གི་རྒྱུ་ཆ་གདམ་རྒྱུ་ནི་སྤུས་ཚད་འགན་ལེན་བྱེད་པའི་ལྷུ་ཚིགས་གཙོ་བོ་ཞིག་ཡིན་ལ།  ལས་སྣོན་བྱེད་པའི་སྤུས་ཚད་བཟང་ངན་ནི་ལག་རྩག་པའི་སྒྱུ་རྩལ་བྱང་ཚད་ལ་རག་ལས་ཡོད།  དམིགས་བསལ་གྱི་བསྲེགས་སྦྱོར་ལག་རྩལ་སྤྱོད་པ་ནི་རྫ་མ་ནག་པོར་གྱུར་པའི་ཁྱད་ཆོས་གཙོ་བོ་ཡིན།

        ཉེ་བའི་ལོ་འགའི་རིང་སེམས་ཀྱི་ཉི་ཟླའི་སྐད་གྲགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་དང་བསྟུན་ནས་ཉི་ཤར་རྫ་ནག་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་ཚོང་བྱས་ཡོད་པ་མ་ཟད།  ཡུལ་སྐོར་བ་རྣམས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་ཉམས་ལེན་བྱེད་པའི་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།