བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-23   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

འདི་ནི་བདེ་བཀོད་ས་ཚིགས་ཀྱི་ལས་གཞི་ལག་བསྟར་ཡུལ་དངོས་རེད།

        ལས་གཞི་ལག་བསྟར་བྱེད་པའི་རྫོགས་ལྡན་དུས་ཚིགས་སླེབས་པ་ནས་བཟུང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་རེད། བསྡོམས་པས་མ་དངུལ་སྒོར་ཁྲི28460.4བཏང་ཡོད་པའི་འབྱོར་འབྲིང་གྲོང་ཚོ་རུ་རྫོང་མཁར་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ཤང་གྲོང་གི་ཁྱིམ་ཚང100ཡི་མང་ཚོགས450གཅིག་བསྡུས་ངང་བདེ་བཀོད་བྱ་རྒྱུ་དང་། བདེ་བཀོད་ས་ཚིགས་གཉིས་པར་ས་སྤྱོད་རྒྱ་ཁྱོན25426㎡འཆར་འགོད་བྱས་ཡོད་ཅིང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན6541.6㎡ཟིན་པ་དང་། ཟླ8པའི་ཟླ་མཇུག་ཏུ་འཛུགས་སྐྲུན་ལས་འགན་ཡོངས་རྫོགས་ལེགས་འགྲུབ་བྱ་རྩིས་ཡོད།  །